ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པའི་ཏང་ཡོན་ལས་བྱེད་པས་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ལྟ་སྐོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་ནས་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པའི་ཏང་ཡོན་ལས་བྱེད་པས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱེད་པར་ཁྲིད་སྟོན་བྱ་ཆེད། ཉེ་དུས་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་གྱིས་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པའི་ཏང་ཡོན་ལས་བྱེད་པ6000ལྷག་ཁག་བགོས་སྒྲིག་འཛུགས་བྱས་ནས་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ལྟ་སྐོར་བྱས་པ་རེད།

ཆེད་དོན་ཚད་ལྡན་ཡིག་ཆར་བལྟས་པ་དང་ལས་དོན་མི་སྣའི་འགྲེལ་བཤད་ལ་ཉན་པ་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཏིང་ཟབ་པའི་བོད་ཀྱི་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་ཀྱི་སློབ་གསོ་དང་ལེན་དང་། རང་རེའི་ཏང་གིས་བོད་དུ་ལོ་ངོ70ཡི་གསར་བརྗེའི་ལག་ལེན་བྱས་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱིར་དྲན། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་ཀྱང་མེད་པ་ཟབ་མོ་ཚོར་བ། ཏང་ནི་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“འགན་ལེན་བཞི”མངོན་འགྱུར་བྱེད་པའི་གཙོ་རྐང་ཡིན་པ་ཤེས་རྟོགས་གཏིང་ཟབ་ཐུབ་ནས། རང་རྟོགས་ངང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་གདེང་ཚོད་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།