རིན་སྤུངས་རྫོང་གིས་དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གིས་སྲོལ་རྒྱུན་གྱི་རྨོད་གཉའ་གཅོག་པའི་ཉིན་མོ་དང་ཟུང་འབྲེལ་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས་པ་རེད།

རྫོང་ཡོངས་ཀྱི་རིགས་ཁག་གི་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་གྱི་དགོས་མཁོའི་ཚད་གཞིར་གཞིགས་ནས། རིན་སྤུངས་རྫོང་གིས་རྫོང་གི་ས་བོན་སྤུས་ལེགས་ཁྲི་10སྙོམས་སྒྲིག་ཧུར་ཐག་བྱེད་པ་དང་རྫོང་ཕྱི་ནས་སོན་བཟང་རྒྱ་མ་ཁྲི་30.9ནང་འདྲེན་བྱེད་རྩིས་ཡོད་པ་དང་། 2021ལོར་འབྲུ་རིགས་སྐྱེ་དངོས་མུའུ་ཁྲི་5.1དང་། དཔལ་འབྱོར་སྐྱེ་དངོས་མུའུ་ཁྲི་0.63 གཟན་རྩྭ་དང་གཟན་ཆག་མུའུ་ཁྲི་0.24བཅས་འདེབས་པའི་འཆར་གཞི་ཡོད་པ་རེད།

ཞིང་ལས་སྐྱེ་དངོས་འདེབས་འཛུགས་དང་། ཞིང་ནང་གཡོག་བྱེད། ནད་འབུ་འགོག་བཅོས་སོགས་ཀྱི་ནང་དོན་ལ་དམིགས་ནས། རིན་སྤུངས་རྫོང་གིས་ཁག་ཐེངས་དང་རིགས་དབྱེ་སྟེ་རྫོང་ཁོངས་ཀྱི་ཞིང་འབྲོག་མང་ཚོགས་1800ལྷག་ཙམ་ལ་འདེབས་འཛུགས་ཀྱི་ཉེར་སྤྱོད་རྩལ་ནུས་གསོ་སྦྱོང་བྱས་ནས་ཚན་རིག་དང་མཐུན་པའི་འདེབས་འཛུགས་ཀྱི་འཇོན་ཐང་དང་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད། དེ་དང་ཆབས་ཅིག་ཆེད་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་ཞིང་ནང་མུ་ཁ་དང་ཞིང་དུད་ཀྱི་ཁྱིམ་དུ་བསྐྱོད་དེ་ཞིང་ལས་འཕྲུལ་ཆས་བེད་སྤྱོད་དང་། ཞིབ་བཤེར་ཉམས་གསོ། བདག་སྐྱོང་། སྙོམས་སྒྲིག་ཚོད་ལྟ་སོགས་ལ་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་པ་དང་། དོགས་གནད་དང་དཀའ་གནད་བསལ་ནས་ཞིང་ལས་ཐོན་སྐྱེད་བྱེད་རིང་ཞིང་ལས་འཕྲུལ་ཆས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་ཐུབ་པའི་འགན་ལེན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།