མཐོ་སྒང་གི་བླ་ན་མེད་པའི་སྙིང་སྟོབས་ལ་གུས་འདུད་ཞུ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས4ཉིན་གྱི་དྭངས་གསལ་དུས་ཆེན་ལ་བོད་ལྗོངས་མངའ་རིས་ཀྱི་ཏང་ཡོན་ལས་བྱེད་པ་དང་། བཅིངས་འགྲོལ་དམག སློབ་མ། མང་ཚོགས་བཅས་སེང་གེ་ཁ་འབབ་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་འཛོམས་ནས་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུས།

བོད་ལྗོངས་མངའ་རིས་ཀྱི་ཆ་སྙོམས་ས་བབ་སྨི4500ཡན་ཟིན་པས། ལྷོ་སྣེ་དང་བྱང་སྣེ་ཕུད་པའི་མིང་དོན་མཚུངས་པའི“མཐོ་སྣེ”རེད། བོད་ལྗོངས་ལ་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་ངོ70སོང་བའི་རིང་། འབད་འཐབ་མཁན་མི་རབས་རེ་རེས་མཐའ་མཚམས་སྲུང་བ་དང་མཐའ་མཚམས་འཛུགས་སྐྲུན་བྱས་ཏེ་ཁོར་ཡུག་ཞན་པོའི་ཁྲོད“མི་ཡུལ་གྱི་ངོ་མཚར”བཏོད་པ་རེད།

2.jpg

འདི་ནི་མངའ་རིས་ཀྱི་ཏང་ཡོན་ལས་བྱེད་པ་དང་། བཅིངས་འགྲོལ་དམག སློབ་མ། མང་ཚོགས་བཅས་སེང་གེ་ཁ་འབབ་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་འཛོམས་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་བཞིན་པ། 

བྱང་ཐང་རྩྭ་ཐང་གི་ས་བབ་སྨི4571ཟིན་ཞིང་། དེར་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་བརྒྱ་ཤོག་གི་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་འགྱིང་ངེར་གནས་ཡོད།

3.jpg

འདི་ནི་སློབ་ཆུང་སློབ་མ་ཞིག་གིས་སྔོན་གཤེགས་དཔའ་བོའི་བང་སོའི་རྡོ་རིང་ལ་གད་བདར་རྒྱག་བཞིན་པ།

ལོ71གོང་མི་རིགས7གྱི་འཐབ་འཛིང་བ136ལས་གྲུབ་པའི་བོད་སྐྱོད་སྔོན་སྐྱོད་བརྒྱ་ཤོག་གིས་ཏང་གི་འཐུས་མི་ལིས་ཏི་སན་གྱི་སྣེ་ཁྲིད་འོག་ཞིན་ཅང་ནས་ལམ་ལ་ཆས་ཏེ་བོད་ལྗོངས་མངའ་རིས་སུ་བསྐྱོད་པ་རེད།

4.jpg

འདི་ནི་སྔོན་སྐྱོད་བརྒྱ་ཤོག་གིས་དར་དམར་མཐོན་པོར་བསྒྲེངས་ནས་བོད་ལྗོངས་མངའ་རིས་ཕྱོགས་སུ་བསྐྱོད་པའི་རྣམ་པ་རེད།

ད་ལོ་ལོ65ལ་སླེབས་པའི་བྲག་ཕུག་གྲོང་ཚོའི་རྒན་པོ་ཁྲ་རིས་ཀྱིས་གསར་འགོད་པར་སྔོན་སྐྱོད་བརྒྱ་ཤོག་གི་འདས་དོན་གླེང་ཞིང་། ཁོང་གིས“སྔོན་སྐྱོད་བརྒྱ་ཤོག་གི་འཐབ་འཛིང་བས་ངའི་སྒྱུག་པོའི་ས་ནས་ལུག་ཉོ་སྐབས་ངའི་སྒྱུག་པོས་རིན་པ་མི་དགོས་ཞེས་བཤད་ཀྱང་ཁོ་ཚོས་མོས་མཐུན་གཏན་ནས་མ་བྱས་པར་དངུལ་སྒོར11བཞག་སོང”ཞེས་བཤད།

5.jpg

འདི་ནི1950ལོའི་ཟླ8པར་སྔོན་སྐྱོད་བརྒྱ་ཤོག་ཁུ་ནུ་རི་ཁུལ་དུ་བསྐྱོད་པའི་རྣམ་པ་རེད།

དགུན་དུས་གྲ་མ་མང་པོའི་ཆ་རྐྱེན་ཧ་ཅང་ཞན་པ་དང་སྔོན་སྐྱོད་བརྒྱ་ཤོག་གི་འབྲུ་རིགས་དང་ཚྭ་སོགས་ཚར་ནས་ཉེན་ཁའི་གནས་སུ་གྱུར་ཞིང་། མཐོ་སྒང་གི་ནད་ཡམས་ཤིག་མཆེད་ནས་མི་སྐོར་ཞིག་གི་གཟུགས་པོ་ཡོངས་སྐྲངས་པ་དང་ཁྲག་སྐྱུགས། སྨན་པ་མེད་པའི་ཁར་སྨན་རྫས་ཀྱང་དཀོན་པས་གཤེགས་མཁན་ཇེ་མང་དུ་སོང་བ་དང་། མང་ཤོས་སྐབས་སྔོན་སྐྱོད་བརྒྱ་ཤོག་གིས་ཉིན་གཅིག་ལ་ཕུང་བོ11དུར་འཇུག་བྱས་མྱོང་།

དཀའ་ཚེགས་ཆེ་ཤོས་ཀྱི་སྐབས་སུ་ལིས་ཏི་སན་གྱིས་བློ་བརྟན་འགྱུར་མེད་ངང“སྔོན་སྐྱོད་བརྒྱ་ཤོག་ལ་མི་གཅིག་ལས་མ་ལྷག་ནའང་ལྕགས་ཁབ་བཞིན་དུ་མངའ་རིས་ཀྱི་ས་གཞི་ཆེན་པོར་བརྟན་དུ་གནས་ཐུབ་པ་བྱེད་དགོས”ཞེས་བཤད།

ད་ཆ་སྔོན་གཤེགས་དཔའ་བོ་འདས་ཟིན་མོད། དཀའ་སྡུག་དང་འཆི་རྒྱུར་མི་སྐྲག་ཅིང་། རྒྱལ་ཁབ་དང་མི་དམངས་ལ་ཡོད་ཚད་བློས་གཏོང་བྱེད་པའི་སྙིང་སྟོབས་ནི་བརྗིད་ཆགས་ཀྱི་མཛད་རྗེས་རྡོ་རིང་དང་འདྲ་བར་ནམ་ཡང་མི་གཡོ་བར་བརྟན་པོར་གནས་ཏེ་མཐོ་སྒང་དུ་རྩ་བ་ཚུགས་ཤིང་མྱུ་གུ་འབུས་ཏེ་མི་རབས་ནས་མི་རབས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།

6.jpg

འདི་ནི་ལོ65ལ་སླེབས་པའི་བྲག་ཕུག་གྲོང་ཚོའི་རྒན་པོ་ཁྲ་རིས་ཀྱིས་གསར་འགོད་པར་སྔོན་སྐྱོད་བརྒྱ་ཤོག་གི་འདས་དོན་གླེང་བཞིན་པ།

སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་ནང་དུ་ཁུང་ཧྥན་སེན་གྱི་བང་སོའི་འགྲམ་དུ་རྒྱ་ལྕང་དམར་པོའི་ཚོམ་བུ་ཞུམ་མེད་ཀྲོང་ངེར་འཚར་བཞིན་མཆིས།

ཁུང་ཧྥན་སེན་ནི་མཐོ་སྒང་གི་རྒྱ་ལྕང་དམར་པོ་ལྟ་བུ་ཞིག་རེད།

“བོད་ཀྱི་རྒན་རྒོན་ནི་ངའི་ཕ་མ་དང་། བོད་ཀྱི་ཕྲུ་གུ་ནི་ངའི་བུ་ཕྲུག་རེད”ཁུང་ཧྥན་སེན་གྱིས་གློ་ནད་ཕོག་པའི་བོད་རིགས་སྤུན་ཟླ་ཞིག་ལ་རྣག་ལུད་འཇིབ་རོགས་དང་། རྒན་རྒོན་འོན་ལྐུགས་ཤིག་གི་རྐང་པ་རང་གི་བྲང་ཁར་སྦྱར་ནས་དྲོད་ཁུག་ཐབས། གླ་ཆ་མཐོ་པོ་མེད་ཀྱང་མཐོ་སྒང་གི་དྭ་ཕྲུག་གསོ་སྐྱོང་བཅས་བྱས་ཡོད།

“ནག་ནོག་གི་དྲི་མས་མ་འགོས་པ་དང་རྒྱུ་རྔན་ཟས་གནོང་མེད་པར་མཚན་སྙན་གྲགས་དང་བདེ་སྡུག་རྒྱབ་ཏུ་བསྐྱུར་ནས་སེང་གེ་ཁ་འབབ་ཀྱི་ཆུ་མོ་བཞིན་དུ་དྭངས་ཞིང་གཙང་བ་དང་། ཕ་ཡུལ་སྤངས་ནས་བརྩེ་བ་གངས་ལྗོངས་མཐོ་སྒང་ལ་བཅངས་ཏེ་མི་རིགས་མཐུན་སྒྲིལ་རི་བོ་གངས་ཏི་སིའི་ཚད་དུ་བཞག་ཡོད”1994ལོའི་ཟླ11པའི་ཚེས29ཉིན་ཁུང་ཧྥན་སེན་གཞུང་དོན་དུ་རང་སྲོག་ཤོར་ཞིང་དེ་དུས་ལོ50ཡིན་པ་དང་། སྐུ་གཤེགས་དུས་ལུས་སུ་དངོས་པོ་གཉིས་རང་ལས་མེད་པ་སྟེ། སྒོར་བརྒྱད་དང་ཟུར་དྲུག་དང་། ཁོང་གིས་བྲིས་པའི་མངའ་རིས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་གྲོས་འགོ12དེ་རེད།

ལོ71རིང་མི་དམངས་དཔའ་བོའི་མཛད་རྗེས་མཐོ་སྒང་དུ་དར་ཁྱབ་བྱུང་ཡོད།

ད་ཆ་ཁུང་ཧྥན་སེན་གྱི་སྙིང་སྟོབས་དང་སྔོན་སྐྱོད་བརྒྱ་ཤོག་གི་སྙིང་སྟོབས་ས་བོན་ཞིག་ཏུ་གྱུར་ནས་མངའ་རིས་ཀྱི་ཏང་ཡོན་དང་ལས་བྱེད་པའི་ཁྲག་རྒྱུན་ཏུ་སིམ་སྟེ་མི་རྣམས་ལ་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ལྕག་སྐུལ་བྱེད་བཞིན་ཡོད།

7.jpg

འདི་ནི་མངའ་རིས་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཟུར་ཞིག་རེད།

ཐོག་དཔངས་དམའ་བའི་ས་ཕག་གི་ཁང་པ་ཞིག་ཏུ་ཀོ་མན་ཐུག་པ་སྒམ་གཉིས་བརྩེགས་ཏེ་ཤིང་ལེབ་དང་ཚགས་པར་གྱིས་བཀབ་ཡོད། དེ་ནི་མངའ་རིས་རྩྭ་མདའ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཟུར་པ་ལིའུ་ཅི་ཧྭ་ཡི་གཞུང་ལས་སྒྲུབ་ས་རེད།

1976ལོའི་ཟླ10པར་ལིའུ་ཅི་ཧྭ་ཡིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་བྱས་ནས“ཡང་རྩེའི་མངའ་རིས”སུ་རྩ་བ་ཚུགས། ཡུལ་དེའི་མང་ཚོགས་ཀྱིས་རྩྭ་མདའ་རྫོང་གི་ལམ་ནི་ལིའུ་ཅི་ཧྭ་ཡིས་གོམ་པ་རེ་རེ་འཇལ་ནས་སྐྲུན་པ་ཡིན་ཞེས་བརྗོད་ཀྱིན་ཡོད།

དཔོན་པོ་བྱས་ནས་ལོ17རིང་། སྤྱོད་གཙང་གཞུང་དྲང་གི་ལིའུ་ཅི་ཧྭ་ཡི་རྟག་པར་གཞི་རིམ་དུ་སྟབས་བསྡུས་སྒོ་ནས་བསྐྱོད་ཀྱིན་ཡོད། མངའ་རིས་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གིས་ལིའུ་ཅི་ཧྭ་ཡི་སྐོར་གྱི་འགྲེམས་སྟོན་དང་གཏམ་རྒྱུད་འབྲི་དགོས་སྙམ་སྐབས་ཡིག་ཚགས་ནང་གི་ཕྱེད་པར་གཅིག་ལས་པར་གཞན་དག་གཅིག་ཀྱང་མ་རྙེད།

བོད་ལྗོངས་འཕེལ་རྒྱས་ཀྱི་མཚམས་ཚིགས་གལ་ཆེན་འདིར་ལིའུ་ཅི་ཧྭ་ལྟ་བུའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཕྲག་ཏུ་འཁུར་མཁན་གྱི་ཏང་ཡོན་ལས་བྱེད་པས་གདོང་མཆོང་བྱས་ཏེ་གངས་ལྗོངས་མཐོ་སྒང་དུ་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད།

རྩྭ་མདའ་རྫོང་བསྟི་ཡག་ཤང་སྲིབ་སྐྱིད་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཆོས་འཛོམས་སྒྲོལ་མས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐའ་སྲུང་ཕྱུགས་འཚོ་བྱས་ཏེ་མེས་རྒྱལ་གྱི་མཐའ་མཚམས་བརྟན་པོ་སྲུང་བ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱས་ཡོད།

སྒེར་རྩེ་རྫོང་འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་ཀྱིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་མཉམ་ལས་ཁང་བཙུགས་ནས་ངལ་རྩོལ་ནུས་ཤུགས་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། ཐོན་སྐྱེད་བྱས་པ་དང་། ཨར་སྐྲུན་རུ་ཁག་བཙུགས་པ། ཞིང་འཕྲུལ་ཉམས་གསོ་བཟོ་གྲྭ་དང་ཚོང་ཁང་བཙུགས་ཡོད། 2017ལོར་ཡུལ་མི་ཚོའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི1.5ཟིན་ནས་གྲོང་ཚོ་ཡོངས་དབུལ་ཐར་བྱུང་ཡོད།

མངའ་རིས་ཡོངས་ལ་བལྟས་པའི་ཚེ། 2016ལོ་ནས་བཟུང་ཚགས་འཛུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང6183གྱི་མི23159ཚང་མ་དབུལ་ཐར་བྱུང་བ་དང་། རྫོང7གྱི་དབུལ་ཞྭ་ཕུད་པ་དང་གྲོང་ཚོ་དབུལ་བོ139དབུལ་བོའི་མིང་གཞུང་ནས་ཕྱིར་འབུད་པ་མངོན་འགྱུར་བྱུང་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། 2019ལོར་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར62.4ཟིན་པ་དེ2015ལོའི་ལྡབ1.68རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།