ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་ཆུ་བེད་ཆུ་གློག་ལས་གྲྭ་ཅུས་ཨང་དགུ་པ་ཚད་ཡོད་ཀུང་སིས་བོད་ཀྱི་དྭགས་པོ་ཆུ་ཤུགས་གློག་ཁང་ནས་ཚངས་ཐིག་ལ་ཧའོ་སྨི་200དང་རིང་ཚད་ལ་སྨི་26.2ཀྱི་ཨར་འདམ་ཉིང་དངོས་མ་དཔེ་ཞིག་བདེ་བླག་ངང་བཏོན་པ་རེད།
ཆུ་གློག་ཅུས་དགུ་པས་ངོ་སྤྲོད་བྱས་པར་གཞིགས་ན། ཉིང་དངོས་འདོན་ས་དེ་ཆུ་ཤུགས་གློག་ཁང་གི་གཡས་ངོས་ཀྱི་ཆུ་རགས་སུ་ཡོད་པ་དང་། བཏོན་པའི་ཉིང་དངོས་ཀྱི་ངོས་འཇམ་ལ་ཚགས་དམ་པ་དང་ཨར་འདམ་གྱི་བྱེ་རྡོ་ཁྱབ་ཚུལ་ཆ་སྙོམས་ལ་རིམ་པ་ཡག་པོ་ཆགས་ཡོད་པས། དྭགས་པོ་ཆུ་ཤུཌ་གློག་ཁང་གི་རགས་ཆེན་གྱི་ཨར་འདམ་རྒྱོང་བའི་ཆུ་ཚད་མཐོ་བའི་ཨར་སྐྲུན་སྤུས་ཚད་མངོན་ལ། རགས་ཆེན་གྱི་ཨར་སྐྲུན་སྤུས་ཚད་དང་བཟོ་རྩལ་རྒྱལ་སྤྱིའི་མདུན་གྲས་སུ་སླེབས་པ་ཡང་མཚོན་ཐུབ།
ཁྱོན་མ་དངུལ་སྒོར་དུང་ཕྱུར་122བཏང་བའི་དྭགས་པོའི་ཆུ་ཤུགས་གློག་ཁང་ནི་བོད་དུ་སྐྲུན་བཞིན་པའི་གཞི་ཁྱོན་ཆེ་ཤོས་ཀྱི་ནང་གསོག་ཆུ་གློག་རྣམ་གྲངས་ཤིག་ཡིན་པ་དང་འཆར་གཞི་བྱས་ན་2021ལོར་འཕྲུལ་ཙུའུ་དང་པོ་ནས་གློག་གཏོང་རྒྱུ་དང་2022ལོར་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱི་དྭགས་པོ་ཆུ་ཤུགས་གློག་ཁང་གི་རགས་ཆེན་ཨར་སྐྲུན་ཆུ་ཚད་རྒྱལ་སྤྱིའི་མདུན་གྲས་སུ་སླེབས་པ།