བོད་ལྗོངས་ཀྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་ས་ཚིགས་ཐོག་མ་དེ་སྤྱོད་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒན་གསོའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་ནི་མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་གཅོག་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། ཉེ་ཆར། བོད་ལྗོངས་ཀྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་ས་ཚིགས་ཐོག་མ་དེ་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་དུ་དངོས་སུ་སྤྱོད་འགོ་ཚུགས་ནས་སྡེ་ཁུལ་གྱི་རྒན་རྒོན་ཚོར་རང་ཁྱིམ་གྱི་སྒོ་རྩ་ནས་གཅིག་འཐུས་རྣམ་པའི་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་སྟེ། རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་བརྟེན་ས་ཡོད་པ། རྒས་དུས་སྤྲོ་སྣང་ཡོད་པ། རྒས་དུས་གནས་བཟོད་བདེ་བ་བཅས་བྱུང་ཡོད།

བདེ་སྐྱིད་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་ས་ཚིགས་ལ་ས་ཁྱོན་སྨི་ངོས་གྲུ་300ཟིན་པ་དང་། དེར་རྒན་རྒོན་གྱི་ཟ་ཁང་དང་། ཇ་ཁང་། སྨན་བཅོས་ཁང་། དངོས་ལུགས་གསོ་བཅོས་ཁང་། ལུམས་ཁང་། དགེ་སྒྲུབ་སྒོ་རྩིས་ཚོང་ཁང་སོགས་ཞབས་ཞུའི་ནུས་པའི་ཁུལ་བཙུགས་ཡོད། ཞབས་ཞུ་ས་ཚིགས་ཀྱིས་རྒན་རྒོན་ཚོར་ཁྱིམ་སྡོད་རྒན་གསོ་དང་ཉིན་མོར་ལྟ་སྐྱོང་སོགས་ཀྱི་ཞབས་ཞུ་སྒྲུབ་པ་མ་ཟད། སྨན་བཅོས་བདེ་སྲུང་དང་། ནད་སྐྱོང་། ཁྱིམ་སྐྱོང་ཞབས་ཞུ་སོགས་ཀྱང་བྱེད་ཀྱི་ཡོད། འགུལ་སྐྱོད་སྟབས་མི་བདེ་བའི་རྒན་རྒོན་ལ་དམིགས་ཏེ། ཞབས་ཞུའི་ས་ཚིགས་ཀྱིས་ཁྱིམ་གྱི་སྒོ་རྩར་ཞབས་ཞུ་བསྒྲུབས་ནས་རིན་མི་དགོས་པར་རྒན་རྒོན་ལ་ཟ་མ་དང་། གཙང་སྦྲ། སྨན་བཅོས་སོགས“རོགས་རམ་དྲུག”གི་ཞབས་ཞུ་བསྒྲུབས་པས་བདེ་སྐྱིད་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་ས་ཚིགས་དེ་རྒན་སྐྱོར་རྒན་གསོའི“རྒན་རྒོན་གྱི་སྤྲོ་སྐྱིད་གླིང”ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།