སྒོ་རྩར་བསྐྱོད་དེ་འོས་འགན་སྨན་བཅོས་བྱས་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།

cf5c5030-860b-49c7-880a-1e1e4e433ecf.jpg

འདི་ནི་དང་བླངས་པ་བཀྲ་ཤིས་ཚེ་རིང(གཡས)གིས་མང་ཚོགས་ལ་སྨན་སྤྲོད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་ཤང་དང་གྲོང་རྡལ་གྱི་བོད་ལུགས་གསོ་རིག་རྐང་འཛིན་པ་ལས་གྲུབ་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་པ“འགྲོ་ཕན་གླིང་གཅེས་སེམས་ཚོགས་པ”ལྷ་ཡུལ་ཤང་ར་མ་སྒང་གྲོང་ཚོའི་ཚོགས་ཆུང་གསུམ་པར་བསྐྱོད་དེ་རིན་མི་དགོས་པར་འོས་འགན་སྨན་བཅོས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། “འགྲོ་ཕན་གླིང་གཅེས་སེམས་ཚོགས་པ”ནི་2018ལོར་བཙུགས་ཤིང་། མིག་སྔར་བོད་ལུགས་གསོ་རིག་གི་རྐང་འཛིན་དང་བླངས་པ་4ཡོད། ལོ་3རིང་། “འགྲོ་ཕན་གླིང་གཅེས་སེམས་ཚོགས་པས”མི་ཐེངས་1500ལྷག་ལ་སྒོར་ཁྲི་7ལྷག་ཙམ་རི་བའི་སྨན་རིགས་སྣ་ཁ་60ལྷག་ཙམ་སྤྲད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།