ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས2ཉིན་གྱི་སྔ་དྲོ། བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི“ཉེ་འགྲམ་བཞིའི”ཤིང་འཛུགས་བྱེད་སྒོའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས། གྲོང་གསེབ་ཀྱི་ཁང་པའི་འགྲམ་དང་། ལམ་གྱི་འགྲམ། ཞིང་ཁའི་འགྲམ། ཆུའི་འགྲམ་བཅས“ཉེ་འགྲམ་བཞིའི”ཤིང་འཛུགས་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འཐབ་ཇུས་ངེས་གནས་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། གྲོང་གསེབ་ཀྱི“ཉེ་འགྲམ་བཞིའི”ཤིང་འཛུགས་བྱེད་སྒོའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། གྲོང་གསེབ་ཀྱི“ཉེ་འགྲམ་བཞིའི”ཤིང་འཛུགས་བྱེད་སྒོའི་འགག་རྩའི་ལྷུ་ཚིགས་དང་གཙོ་གནད་ལས་དོན་ལ་གནད་སྨིན་ངང་དམིགས་པ་དང་ལས་དོན་གྱི་ཇུས་གཞི་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། འཆར་འགོད་ཀྱི་བཀོད་པ་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སྡོང་ཕྲུག་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཤིང་འཛུགས་ནགས་བཟོའི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱེད་པ། རྗེས་མཐུད་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་དོ་དམ་སྲུང་སྐྱོང་གནད་སྨིན་ངང་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་པ། མང་ཚོགས་བྱེད་པོ་ཡིན་པ་སྔར་བས་མངོན་གསལ་དོད་དུ་བཏང་ནས་ཞིང་འབྲོག་པ་དེ་བས་མང་བར་ལས་ཞུགས་འབབ་འཕར་ཡོང་བའི་འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི“ཉེ་འགྲམ་བཞིའི”ཤིང་འཛུགས་བྱེད་སྒོའི་འགན་འཁྲི་ཁག་ནན་དུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། འཛུགས་སྐྲུན་འཕེལ་རིམ་མགྱོགས་སུ་གཏོང་བ། སྐུལ་འདེད་ཧུར་ཐག་གཏོང་བ་དང་བྱས་རྗེས་འཇོག་ཐུབ་པ། ཐོན་ཁུངས་སྤྱི་འདོམས་དང་བསྡུ་སྒྲིལ་འགག་སྒྲོལ་བཅས་བྱས་ནས་གྲོང་གསེབ་ཀྱི“ཉེ་འགྲམ་བཞིའི”ཤིང་འཛུགས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། སྤུས་འབོར་གཉིས་ལྡན་གྱིས་ལས་འགན་ལེགས་གྲུབ་བྱེད་དགོས། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི“ཉེ་འགྲམ་བཞིའི”ཤིང་འཛུགས་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།