2021ལོའི་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་དང་ཆུ་ཤུར་རྫོང་གི་གཙོ་གནད་རྣམ་གྲངས་གཅིག་བསྡུས་ངང་ལས་མགོ་ཚུགས།

W020210403396491329496.jpg

འདི་ནི་ལས་མགོ་བསྐྱར་ཚུགས་མཛད་སྒོའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས2ཉིན་གྱི་སྔ་དྲོར། 2021ལོའི་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་དང་ཆུ་ཤུར་རྫོང་གི་གཙོ་གནད་རྣམ་གྲངས་གཅིག་བསྡུས་ངང་ལས་མགོ་ཚུགས་པའི་མཛད་སྒོ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་བསྡུས།

ཅང་སུའུ་ཐའེ་ཀྲོའུ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་དང་། ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་ཡི་རྒྱབ་སྐྱོར་ཤུགས་ཆེན་འོག 2021ལོར་ཆུ་ཤུར་རྫོང་གིས་བོད་སྐྱོར་རྣམ་གྲངས12ལག་ལེན་བསྟར་བར་མ་དངུལ་སྒོར་ཁྲི8084གཏོང་བའི་འཆར་གཞི་ཡོད།

W020210403396685662282.jpg

འདི་ནི་ལས་འགོ་བསྐྱར་ཚུགས་མཛད་སྒོའི་ཡུལ་དངོས་རེད།

རྒྱུས་ལོན་བྱུང་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ཅང་སུའུ་བོད་སྐྱོར་གྱིས་མ་དངུལ་སྒོར་དུང་ཕྱུར21.6བཏང་ནས་ལྷ་ས་གྲོང་ཁྱེར་གྱི་རིག་ནུས་རོགས་སྐྱོར་དང་ཐོན་ལས་རོགས་སྐྱོར་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་བ། མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། རིག་གནས་སློབ་གསོའི་རོགས་སྐྱོར་སོགས་ཁྱབ་ཁོངས་ལྔའི་ཐད་གཏོང་རྒྱུ་ཡིན་པ་རེད། 2021ལོར་ཅང་སུའུ་བོད་སྐྱོར་གྱིས་མ་དངུལ་སྒོར་དུང་ཕྱུར3.96བཏང་ནས་རྣམ་གྲངས72ལག་བསྟར་བྱ་རྒྱུ་ཡིན་ལ། དེའི་ནང་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཕྱིར་སྐྱོད་དང་། གསོ་རླུང་དང་དྲོད་རླངས་མཁོ་འདོན། བདེ་འཇགས་འཐུང་ཆུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཚུད་ཡོད། “ཞིས་ཆའོ་ལས་གཞི”དང་། “བདེ་སྐྱིད་ལམ་བུའི་ལས་གཞི”“ཤང་གྲོང་ཁྱིམ་མཚེས་ཞབས་ཞུའི་ལྟེ་གནས”སོགས་དམངས་འཚོའི་སྤུས་རྟགས་རྣམ་གྲངས་གཙོ་གནད་ཐོག་བསྐྲུན་ཏེ་བོད་སྐྱོར་མ་དངུལ80%ཡན་གཞི་རིམ་དང་དམངས་འཚོའི་ཐད་སྤྱོད་རྒྱུ་འགན་ལེན་བྱས་ཡོད།

W020210403396923990188.jpg

འདི་ནི་ལས་མགོ་བསྐྱར་ཚུགས་མཛད་སྒོའི་ཡུལ་དངོས་རེད།

ཉེ་བའི་ལོ་འགའི་རིང་། ཅང་སུའུ་བོད་སྐྱོར་གྱིས་བོད་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དབུལ་ཐར་འགག་སྒྲོལ་དང་གཞི་རིམ་གྱི་དམངས་འཚོ། ཐོན་ལས་འཕེལ་རྒྱས། འགྲོ་འོང་སྤེལ་རེས་བཅས་ལ་དམིགས་ཏེ། ལྷ་སའི་དགོས་མཁོ་དངོས་ལ་གཞིགས་ནས“མཉམ་འདྲེས་རྣམ་པའི”བོད་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར19.2བཀོད་སྒྲིག་བྱས་ཏེ་རྣམ་གྲངས186ལག་བསྟར་བྱས། དེས་ཁ་གཏད་རྫོང་དང་ཆུས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་འདེགས་སུ་བཏང་བ་དང་། ཤང་གྲོང་གི་རྣམ་པ་དང་སྤྱི་པའི་ཞབས་ཞུ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ། ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། ཕྱོགས་བསྡུས་དཔལ་འབྱོར་སྟོབས་ཤུགས་མགྱོགས་མྱུར་མཐོར་འདེགས་སུ་བཏང་།

W020210403397262622136.jpg

འདི་ནི་ལས་མགོ་བསྐྱར་ཚུགས་མཛད་སྒོའི་ཡུལ་དངོས་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། ལོ27རིང་ཅང་སུའུ་ཡིས་བསྡོམས་པས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར56.3བཏང་ནས་རོགས་སྐྱོར་རྣམ་གྲངས657ལག་བསྟར་བྱས་པ་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣ800ལྷག་གངས་ལྗོངས་མཐོ་སྒང་ལ་མངགས་གཏོང་བྱས་པ་རེད། ཁ་གཏད་བོད་སྐྱོར་ཀྱིས་ལྷ་སའི་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་རོགས་རམ་བྱས་པ་དང་། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ཤང་གྲོང་གི་རྣམ་པ་ཇེ་ལེགས་སུ་བཏང་བ། མི་དམངས་མང་ཚོགས་ཀྱི“བདེ་སྐྱིད་སྟོན་གྲངས”ཇེ་མཐོར་བཏང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལེགས་ཆ་མངོན་ཡོད། །

W020210403397448249794.jpg

འདི་ནི་ལས་མགོ་བསྐྱར་ཚུགས་མཛད་སྒོའི་ཡུལ་དངོས་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།