བརྩོན་འགྲུས་ཅན་ལ་དཔྱིད་ཀ་འཆར་བ་སྔ། གངས་ལྗོངས་ས་མཐོར་དཔྱིད་རྨོད་ལས་བྲེལ་ཆེ།

3e6d0b01-4267-485b-9dd2-1e69af969474.jpg

bc61ec63-20bb-4733-9ddb-e06d75c4d91a.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་བཞིའི་འཁོར་འགྲོས་དང་བསྟུན་ནས་དཔྱིད་ཀྱི་དཔལ་ཡོན་སླར་ཡང་བཞད་ལ། འཛིན་མའི་ཁྱོན་དུའང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ནས་ག་ས་གང་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས། རྨོད་གཉའ་གཅོག་པ་ནི་རྟེན་འབྲེལ་མཚོན་པའི་མཛད་སྒོ་གཟབ་རྒྱས་ཤིག་ཡིན་ཞིང་། དེ་ནི་སོ་ནམ་གྱི་ཤེས་རིག་ལོ་རྒྱུས་ཁྲོད་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན་ལ། བོད་ཀྱི་ས་གནས་ཁག་ཏུ་ད་བར་མ་ཉམས་པར་སྔར་བཞིན་ལོ་གཅིག་དུས་གཅིག་གི་མཛད་སྒོ་གལ་ཆེན་ཞིག་རེད།

8fb859c1-aa85-4ae2-86df-6e319df007cc.jpg

bba0be1b-4eb2-45da-b502-6f2fe7b15ae8.jpg

སླར་ཡང་ལོ་གཅིག་དུས་གཅིག་གི་དཔྱིད་རྨོད་ཀྱི་ནམ་དུས་འཆར་སོང་། ཉིན་ཤས་གོང་། གསར་འགོད་པ་ལྷ་ས་གྲོང་ཁྱེར་ནས་ཐོན་ཏེ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་སྨད་སྡེ་ཁུལ་དང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོར་བསྐྱོད་དེ་རྨོད་གཉའ་གཅོག་པའི་མཛད་སྒོར་ཞུགས་པ་ཡིན། རླངས་འཁོར་ལ་བསྡད་ནས་སྤྱི་ལེ་100ཙམ་བསྐྱོད་རྗེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་སྨད་སྡེ་ཁུལ་དུ་འབྱོར་བ་དང་། རྒྱང་རིང་ནས་བལྟས་ཚེ། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དང་། དཀར་གཙང་གི་ཁ་བཏགས། མཛེས་རྒྱན་སྤྲས་པའི་ཐོ་ཕྲུག གཟབ་མཆོར་སྤྲས་པའི་མང་ཚོགས་བཅས་མཐོང་ལམ་དུ་གསལ་ལེར་སྣང་། ཁོང་ཚོ་ཞིང་ནང་དང་མུ་ཁར་འཛོམས་ཏེ་རྨོད་གཉའ་གཅོག་རྒྱུར་སྒུག་པ་དང་། མི་རིང་བར་ཐོ་ཕྲུག་གསར་པ་ཞིག་བཏང་འོང་།

73a146ed-f9cc-404f-b298-443b0cce39b8.jpg

f6693f59-c76f-44f0-a171-f397b7864008.jpg

ཁེ་སྨད་སྡེ་ཁུལ་གྱི་ཡུལ་མིས“ཐོ་ཕྲུག”ལ་ཁ་བཏགས་དཀྲིས་ཏེ་དཔྱིད་རྨོད་དཔྱིད་འདེབས་ཀྱི་གྲ་སྒྲིག་བྱས་ཤིང་། ཐོ་ཕྲུག་གི་སྒྲ་གྲགས་མ་ཐག་དཔྱིད་རྨོད་འགོ་ཚུགས་པ་དང་། “ཐོ་ཕྲུག”གིས་མདུན་དུ་རྨོད་རྒྱག་པ་དང་གཟབ་མཆོར་སྤྲས་པའི་བུད་མེད་ཚོས་མཇུག་ཏུ་སོན་གཏོར་བར་བྱེད།

ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོར་འབྱོར་རྗེས། གསར་འགོད་པས་རྨོ་འདེབས་འཕྲུལ་འཁོར་གྱིས་སྐར་མ་20ཡང་མ་འགོར་བར་ཞིང་ཁ་ཡུག་གཅིག་རྨོས་ནས་ས་སོབ་སོབ་བཟོས་པ་དང་རྒྱ་ཁྱོན་མུའུ་5ཙམ་ལ་ཡོད་པ་མཐོང་བྱུང་།

c3a556ea-82c3-4dd3-8175-dddba505b7d0.jpg

དཔྱིད་ཟླ་འབྲིང་པོར། གངས་ལྗོངས་ཀྱི་ས་ཆ་གང་སར་སོ་ནམ་པ་ཚོ་དཔྱིད་རྨོད་དཔྱིད་འདེབས་ལ་བྲེལ་བཞིན་པ་མཐོང་ཐུབ། ཐོ་ཕྲུག་ལས་གྲགས་པའི་འུར་འུར་སྒྲ་དང་། རྨོན་མཛོའི་སྒྲ། བུད་མེད་ཚོའི་དགོད་སྒྲ། སྐྱེས་པ་ཚོས་སྐད་ཅོར་རྒྱག་པའི་སྒྲ་སོགས་ལས་ས་མཐོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛེས་སྡུག་ལྡན་པའི་དཔེ་རིས་ཤིག་གྲུབ།

8fb859c1-aa85-4ae2-86df-6e319df007cc.jpg

ཡངས་ཤིང་རྒྱ་ཆེ་བའི་ཞིང་ཁར་ལས་ལ་བརྩོན་པའི་ཡུལ་མི་ཚོས་གཟབ་མཆོར་སྤྲས་ཤིང་། མཉམ་དུ་འཛོམས་ནས་རྨོད་གཉའ་གཅོག་པའི་མཛད་སྒོ་གཟབ་རྒྱས་འཚོགས་ལ། ཁོང་ཚོས་སྙན་པའི་གླུ་བླངས་ཤིང་དགའ་བའི་བྲོ་འཁྲབ་ལ། ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་རེ་བས་བརྟས་པའི་ས་བོན་རེ་རེ་ས་གཞི་གཤིན་པོར་གཏོར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།