འདི་ནི་ཟླ4བའི་ཚེས1ཉིན་ཉིང་ཁྲི་གྲོང་ཁྱེར་ནས་པར་བླངས་བའི་ལྷ་ཉིང་ལྕགས་ལམ་གྱི་རྣམ་པ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་ཟིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་གསར་དུ་སྐྲུན་པའི་ཟམ་པ་དང་ཕུག་ལམ། ལམ་གཞི་གཏོང་བའི་གཙོ་གནད་ལས་གཞི་ཡོངས་སུ་ལེགས་འགྲུབ་བྱུང་ནས། འགུལ་མེད་ཀྱི་རྣམ་པས་ཞིབ་བཤེར་རྩིས་ལེན་བྱེད་པའི་ཆ་རྐྱེན་འཛོམས་ཡོད་པས། ཟླ4བའི་ཚེས1ཉིན་ནས་ཟླ4བའི་ཚེས30ཉིན་བར་དུ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལ་འགུལ་མེད་ཀྱི་རྣམ་པས་ཞིབ་བཤེར་བྱེད་པའི་དུས་རིམ་ཡིན། ལྷ་ཉིང་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གཙོ་གནད་བཟོ་སྐྲུན་ལས་གཞི་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ435ཡོད་པ་དང་། མགྱོགས་ཚད་ཆུ་ཚོད་རེར་སྤྱི་ལེ160ལྟར་ཇུས་འགོད་བྱས་ཡོད་དེ། དེ་ནི་བོད་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་ཡིན། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལ་འགུལ་མེད་ཀྱི་རྣམ་པས་ཞིབ་བཤེར་བྱེད་མགོ་བརྩམས།