ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་ཟླ3པའི་ཚེས30ཉིན་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་ཀྲུང་གོ་ལྕགས་ལམ་གློག་ཤུགས་ཅན་ཅུས་སྡེ་ཚོགས་ཀྱི་ལག་རྩལ་མི་སྣས་འབྲེལ་མཐུད་གློག་དྲའི་བྱ་བར་ལེགས་སྒྲིག་བྱེད་བཞིན་ཡོད། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་ལམ་དུམ་ནི་བོད་རང་སྐྱོང་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་ཡིན་པ་དང་། མིག་སྔར་ལྷ་ཉིང་ལྕགས་ལམ་གྱི་གློག་ཤུགས་ཅན་གྱི་ཆེད་ལས་ཨར་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། འབྲེལ་མཐུད་གློག་དྲ་ཚང་མ་ལེགས་གྲུབ་ཟིན་ནས་ལེགས་སྒྲིག་བྱ་བ་གཉེར་མགོ་ཚུགས་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལྷ་ཉིང་ལྕགས་ལམ་གྱི་གློག་ཤུགས་ཅན་གྱི་ཨར་སྐྲུན་བྱ་བ་མགྱོགས་མྱུར་ངང་སྐྲུན་བཞིན་པ།