བོད་དམག་ཁུལ་ཁང་གི་གསོག་འཇོག་མཁོ་འདོན་རྟེན་གཞི་ཞིག་གིས་གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱད་ནས་ཏང་གི་ལོ་རྒྱུས་དང་དམག་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “1952ལོའི་ཟླ་4པའི་ཉིན་ཞིག་བོད་སྐྱོད་དམག་གི་བུད་མེད་སྨན་པ་ཝང་ཅི་ཤིའུ་ཡིས་དྲི་ངན་དང་ནད་པའི་བརླ་རྐང་གི་ནད་འབུར་མི་འཛེམས་པར། རྣག་དུག་ཁྲག་ནད་ཚབས་ཆེན་ཕོག་པའི་སྦྲུམ་མར་རྣག་འདོན་རོགས་བྱས་ཏེ་ནད་པ་དྲག་སྐྱེད་མ་བྱུང་བར་ངང་རྒྱུད་རིང་པོས་ལྟ་རྟོག་བྱས་པ་རེད། ཁོང་གི་བྱ་སྤྱོད་དེ་ལས་ནད་པའི་ནང་མིར་སེམས་འགུལ་ཚད་མེད་ཐེབས་པ་མ་ཟད། མང་ཚོགས་ཚོས་ཀྱང‘ནད་གཞི་དྲག་སྐྱེད་བྱུང་། ཚེ་སྲོག་གསར་པ་སྦྱིན’ཞེས་འཁོད་པའི་གོས་དར་ཕུལ་བ་རེད” བོད་དམག་ཁུལ་ཁང་དམག་མིའི་ལོ་རྒྱུས་འགྲེམས་ཁང་དུ་བོད་དམག་ཁུལ་ཁང་གསོག་འཇོག་དང་མཁོ་འདོན་རྟེན་གཞིའི་ཆབ་སྲིད་ལས་དོན་པུའི་ལས་འཛིན་ཀྲའོ་ཡོན་ལིན་གྱིས་རྟེན་གཞིའི་དཔོན་དམག་ཚོར་དེ་ལྟར་བརྗོད། དེ་ནི་རྟེན་གཞི་དེས་གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཡག་པོ་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རིང་། རྟེན་གཞི་དེས་བཅའ་སྡོད་ཁུལ་གྱི་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་ནས། སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དང་། དམག་གི་ལོ་རྒྱུས་འགྲེམས་ཁང་། ཞིང་རའི་རྗེས་ཤུལ་རྙིང་པ་སོགས་སློབ་ཁང་དུ་བྱས་ནས། ཏང་གི་ལོ་རྒྱུས་དང་དམག་གི་ལོ་རྒྱུས་དང་ལྷག་དོན་དུ་དམག་སྡེ་བཅོ་བརྒྱད་པ་བོད་དུ་སྐྱོད་རིང་གི་མི་སེམས་འགུལ་བའི་གཏམ་རྒྱུད་བསྡུ་རུབ་དང་ལེགས་སྒྲིག་བྱེད་པ། ཁྱབ་ཆུང་དྲ་རྒྱ་དང་སྤྱི་རྟགས་བརྒྱུད་དཔོན་དམག་ཚོར་དྲིལ་བསྒྲགས་བྱེད་པ་བཅས་བྱས་ནས། ཁོང་ཚོས་གསར་བརྗེའི་རིག་གནས་མྱོང་རོལ་དང་གསར་བརྗེའི་གཏམ་རྒྱུད་ཉན་རིང་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བསྐྱར་དྲན་གྱིས། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།