ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས30ཉིན་ལྷ་ས་གྲོང་ཁྱེར་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་འགྲེམས་སྟོན་བོད་ལྗོངས་འབྲི་གཡག་རྟེན་མཛོད་ཁང་དུ་སྤེལ་མགོ་ཚུགས་པ་རེད།
ཐེངས་འདིའི་འགྲེམས་སྟོན་གྱི་དམིགས་ཡུལ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། མི་རིགས་ཀྱི་དྲན་ཤེས་རྒྱུན་འཛིན་བྱེད་པ། རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ནང་ཞུགས་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་དེ་རེད།
གསར་འགོད་པས་འགྲེམས་སྟོན་ཡུལ་དངོས་ནས་མཐོང་བར་གཞིགས་ན། འགྲེམས་སྟོན་གྱི་ནང་དོན་ཁག8ལ་དབྱེ་ཡོད་པ་དང་། ལོ་སར་མེ་ཏོག་གི་ཚོས་རྒྱག་ལག་རྩལ་དང་བོད་ཡིག་ཡིག་གཟུགས། ལྷ་སའི་ཤིང་བརྐོས་བཟོ་རྩལ། ལྷ་མོའི་ཟློས་གར་གྱི་རྒྱན་གོས་བཟོ་རྩལ་སོགས་ལྷ་སའི་མཚོན་བྱེད་རང་བཞིན་གྱི་སྲོལ་རྒྱུན་ལག་རྩལ་འགྲེམས་སྟོན་བྱས་པ་དང་། བསྡོམས་པས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འགྲེམས་དངོས169བཤམས་པ་དེ་དག་སྲོལ་རྒྱུན་གྱི་ཞབས་བྲོ་དང་། རོལ་དབྱངས། ཟློས་གར། མཛེས་རྩལ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས20ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲེམས་སྟོན་དེ2021ལོའི་ཟླ4པའི་ཚེས30ཉིན་བར་གཉེར་རྒྱུ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལྷ་ས་གྲོང་ཁྱེར་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་འགྲེམས་སྟོན་བྱས་པ།