འདི་ནི་ལས་བྱེད་པ་དང་ལས་བཟོ་བས་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཁང་ལ་ལྟ་སྐོར་བྱེད་པའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དྭངས་གསལ་དུས་ཆེན་སླེབས་ལ་ཉེ་བའི་མཚམས་འདིར། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་རྒྱལ་གཅེས་སྙིང་སྟོབས་དར་སྤེལ་གཏོང་ཆེད། ཟླ3པའི་ཚེས31ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ཁོངས་གཏོགས་ཀྱི་ཏང་ཀྲི་པུའུ་བདུན་པས་ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་ཁང་དུ“ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས་ནས་དེང་རབས་མི་ལ་སྐུལ་ལྕག་བྱེད་པ”ཞེས་པ་བརྗོད་གཞི་ཡིན་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། ཡུལ་དངོས་སུ་སློབ་གསོ་ལག་བསྟར་བྱེད་པའི་བྱེད་ཐབས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོར་སྐུལ་འདེད་དང་། “ཆབ་སྲིད་ཀྱི་ཚད་གཞི་སྔར་བས་མཐོ་ལ། ཏང་གཤིས་བླང་བྱ་སྔར་བས་ནན་མོ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་རང་བཞིན་སྔར་བས་ཆེ་རུ་གཏོང་བ”བཅས་ཀྱི་ཆེད་དོན་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྒོས་ཏན་ཏིག་ངང་སྤེལ་བ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས་པ།