སྡོང་འཛུགས་ནགས་སྐྲུན་གྱི་ལས་ལ་དགའ་བའི་བསོད་ནམས་ནོར་བུ།

1.jpg

བསོད་ནམས་ནོར་བུ་ཡིས་སྡོང་པོ་ལ་བྱི་བ་འགོག་པའི་ཤུབས་བསྐོན་པ། 

2.jpg

བསོད་ནམས་ནོར་བུ་རང་གིས་བཙུགས་པའི་སྡོང་པོ་དང་མཉམ་དུ་ཡོད་པ། 

3.jpg

བསོད་ནམས་ནོར་བུ་ཡིས་བཙུགས་པའི་སྡོང་པོ། 

4.jpg

བསོད་ནམས་ནོར་བུ་རང་གི་ལས་རོགས་དང་མཉམ་དུ་ཡོད་པ། 

5.jpg

བསོད་ནམས་ནོར་བུ་ཡིས་སྡོང་པོའི་སྐྱེས་ཚུལ་ལ་ལྟ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་ལོ44ལ་སླེབས་པའི་བསོད་ནམས་ནོར་བུ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་ལས་བྱེད་པ་ཞིག་ཡིན་པ་དང་། 2012ལོ་ནས་བཟུང་ཁོང་གིས་རང་གི་མ་དངུལ་བཏང་སྟེ་ས་བབ་སྨི4300ཡི་འདམ་གཞུང་རྫོང་དགེ་སྟོད་ཤང་དུ་སྡོང་འཛུགས་ནགས་སྐྲུན་གྱི་ལས་དོན་སྒྲུབ་པའི་མགོ་བརྩམས་ཤིང་། ད་ལྟའི་བར་དུ་སྡོང་པོ་ཁྲི2ཙམ་བཙུགས་ནས་སྐྱེས་ཡོད།

སྡོང་འཛུགས་ནགས་སྐྲུན་བྱེད་རྒྱུ་ནི་བསོད་ནམས་ནོར་བུའི་ཆུང་དུས་ཀྱི་ཕུགས་བསམ་ཞིག་ཡིན་ལ། ཁོང་གིས་ལོ9རིང་ཆེད་མཁས་མི་སྣར་བཀའ་འདྲི་ཞུས་ཏེ་ས་བབ་མཐོ་ཞིང་སྐམ་ཤས་ཆེ་བའི་ས་ཁུལ་དང་མཐུན་པའི་སྡོང་པོ་རིགས་འཛུགས་པར་ཚོད་ལྟ་བྱས། ཁོང་གིས་བཤད་རྒྱུར“རང་ལ་ནུས་པ་ཡོད་ཚེ་མུ་མཐུད་དུ་ལས་དོན་འདི་རྒྱུན་འཁྱོངས་བྱེད་རྒྱུ་ཡིན”ཞེས་བསྟན། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།