བོད་ལྗོངས་ཀྱི་དངུལ་རྩའི་ལས་རིགས་ཀྱིས་འདམ་གཞུང་རྫོང་གི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་བ།

139848631_16171565968211n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་། བོད་ལྗོངས་ནོར་དོན་དང་ཡིད་རྟོན་དངུལ་བུན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ཚད་ཡོད་ཀུང་སི་བཅས་ཀྱི་བར་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའམ་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་ཞབས་ཞུ་སྒྲུབ་བའི་མཉམ་ལས་གྲོས་མཐུན་བཞག་པ་མ་ཟད། གནད་ཁེལ་དབུལ་སྐྱོར་གྱི་གྲངས་འབོར་ཉུང་བའི་དངུལ་བུན་ཁག5དང་། “ཞིང་ཕན་དངུལ་བུན”ཁག13། “འབྲི་གཡག་ཐོན་ལས་དངུལ་བུན”ཁག2བཅས་འགྲེམ་གཏོང་བྱས་པ་རེད།

139848631_16171565967571n.jpg

ཉིན་དེར་འདམ་གཞུང་རྫོང་དབུལ་སྐྱོར་གཞུང་ལས་ཁང་དང་ཞིང་ལས་དངུལ་ཁང་འདམ་གཞུང་རྫོང་ཉིང་ལག་དངུལ་ཁང་བར་ནོར་སྲིད་ཉེན་ཁའི་ཁ་གསབ་ཐེབས་རྩས་རོང་འབྲོག་ཁྱིམ་གྱི་གྲངས་ཉུང་དབུལ་སྐྱོར་དངུལ་བུན་ལ་ཁག་ཐེག་བྱེད་པའི་མཉམ་ལས་གྲོས་མཐུན་བཞག་པ་མ་ཟད། ཞིང་པ་ཁྱིམ་ཚང་གི་ཡིད་རྟོན་ཆ་རྐྱེན་དང་དངུལ་བུན་འཇལ་ནུས། མ་དངུལ་གྱི་དགོས་མཁོ་བཅས་ལ་གཞིགས་ཏེ་མ་དངུལ་སྒོར་ཁྲི50ཟིན་པའི་ཞིང་ཕན་དངུལ་བུན་ཚོད་ལྟའི་ངང་ཁྱབ་གདལ་བཏང་ཤིང་། དེ་ནི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བཏང་བའི་སྒོར་ཁྲི50ཟིན་པའི་ཞིང་ཕན་དངུལ་བུན་སྐོར་དང་པོ་ཡིན་པས་རོང་འབྲོག་མང་ཚོགས་ཀྱི་མ་དངུལ་གྱི་དགོས་མཁོ་བསྐངས་ཡོད།

139848631_16171565968841n.jpg

མཛད་སྒོའི་ཐོག་འདམ་གཞུང་རྫོང་གི་རྫོང་དཔོན་འཆི་མེད་ཚེ་རིང་གིས་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་འདམ་གཞུང་རྫོང་གི་དབུལ་ཐར་འགག་སྒྲོལ་ལས་དོན་ལ་དངུལ་རྩའི་འདེགས་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། འདམ་གཞུང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དངུལ་རྩའི་སྒྲིག་གཞི་དང་མཉམ་ལས་བྱ་རྒྱུར་མཐོང་ཆེན་བྱས་ཏེ་ཕྱོགས་སོ་སོའི་ཐོན་ཁུངས་ཀྱི་ལེགས་ཆ་མཉམ་འདྲེས་ཀྱིས་འདམ་གཞུང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།