“U+སློབ་ཟས་འཆར་གཞིའི”སྤྱི་ཕན་བྱ་འགུལ་བོད་ལྗོངས་སྨན་གླིང་དུ་སྤེལ་བ།

139848639_16171561235561n.jpg

འདི་ནི་སྨན་གླིང་རྫོང་སློབ་འབྲིང་གི་དགེ་སློབ་ཡོངས་ལ“U+སློབ་ཟས་འཆར་གཞིའི”ཞལ་འདེབས་ཕུལ་བའི་སྟབས་བདེའི་ཟས་ཆས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས30ཉིན། “U+སློབ་ཟས་འཆར་གཞིའི”ཞལ་འདེབས་ཕུལ་བའི་མཛད་སྒོ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་སློབ་འབྲིང་དུ་བསྡུས་པ་རེད། “U+སློབ་ཟས་འཆར་གཞི”ནི་ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་དང་ལི་ཧྭ་བཟའ་བཏུང་ཇུས་འགོད་ཀྱིས་མཉམ་དུ་སྤེལ་བའི་སྤྱི་ཕན་བྱ་འགུལ་ཞིག་ཡིན་ཞིང་། བྱ་འགུལ་གྱི་ཞལ་འདེབས་དག་ཞིང་སྡེའི་སློབ་གྲྭའི་སློབ་མའི་ཟ་མའི་འཚོ་བཅུད་ཇེ་མཐོར་གཏོང་བ་དང་། ཟས་རིགས་བདེ་འཇགས། འཕྲོ་བརླག་ཉུང་གཏོང་བཅས་ཀྱི་ཐད་བཀོལ་སྤྱོད་བྱ་རྒྱུ་དང་། དེ་དང་ཆབས་ཅིག་ཏུ་སློབ་མར་བཟའ་བཏུང་དོ་སྙོམས་ཡོང་བར་ཁྲིད་སྟོན་བྱ་རྒྱུ་དང་། གྲོན་ཆུང་། འབྲུ་རིགས་ལ་གཅེས་སྤྲས་བྱེད་པའི་གོམས་གཤིས་བཟང་པོ་ཞིག་ཆགས་པར་བྱས་ཏེ་གྲོན་ཆུང་རྣམ་པའི་སློབ་གྲྭའི་ཁོར་ཡུག་ཞིག་བསྐྲུན་རྒྱུ་རེད།

139848639_16171561236341n.jpg

སྨན་གླིང་རྫོང་སློབ་འབྲིང་གི་སློབ་མས“U+སློབ་ཟས་འཆར་གཞིའི”ཞལ་འདེབས་ཕུལ་བའི་མཛད་སྒོའི་ཐོག་ལེ་ཚན་འཁྲབ་སྟོན་བྱེད་བཞིན་པ།

139848639_16171561236961n.jpg

སྨན་གླིང་རྫོང་སློབ་འབྲིང་གི་དགེ་སློབ་ཡོངས་ལ“U+སློབ་ཟས་འཆར་གཞིའི”ཞལ་འདེབས་ཕུལ་བའི་སྟབས་བདེའི་ཟས་ཆས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།