བོད་ལྗོངས་ཉིང་ཁྲིས2021ལོའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་སྤེལ།

W020210330576766551327.jpg

འདི་ནི་གློག་ལས་འགྲན་བསྡུར་བྱེད་པའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས29ཉིན་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ལག་རྩལ་བཟོ་པའི་སློབ་གྲྭའི་ནང་དུ་རྣམ་པ་གསར་རྐྱང་གི་རྩལ་ནུས་འགྲན་བསྡུར་ཆེན་པོ་ཞིག་གཉེར་བཞིན་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་དགུ་པའི་རིམ་སྤེལ་བྱེད་སྒོའི་གྲས་ཡིན་པའི2021ལོར་ཉིང་ཁྲི་གྲོང་ཁྱེར་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོའི་ནང་ཀྲུང་ལུགས་གཡོས་སྦྱོར་དགེ་རྒན་དང་། མགྲོན་ཁང་གི་ཞབས་ཞུ་བ། རྒན་གསོའི་བདག་སྐྱོང་པ། རྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་མཁན། གློག་ལས་སོགས་འགྲན་བསྡུར་ལས་རིགས5བཀོད་སྒྲིག་བྱས་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་ལས་རིགས་ཁྱབ་ཁོངས10ལྷག་ཙམ་གྱི་བདམས་ཐོན་པ75རྟིང་རྩོད་འགྲན་བསྡུར་ནང་ཚུད་ཡོད།

W020210330576894136997.jpg

འདི་ནི་འགྲན་ཞུགས་ཚན་ཆུང་ཁག་གི་གསེར་གྱི་བྱ་དགའ་ཐོབ་མཁན་རེད།

འགྲན་བསྡུར་ཆེན་མོའི་དཔྱད་ཞིབ་ཚོགས་པ་དེ་ལག་རྩལ་ཆེད་མཁས་པ5དང་ཤན་འབྱེད་པ15ལས་གྲུབ་པ་དང་། རྟིང་རྩོད་འགྲན་བསྡུར་ནང་ཆེད་ལས་ལག་རྩལ་གྱི་རིགས་པའི་གཞུང་ལུགས་ཀྱི་རྒྱུགས་འབྲས་དང་དོན་དངོས་བཀོལ་སྤྱོད་རྩལ་ནུས་ཀྱི་རྒྱུགས་འབྲས་ལ་གཞིགས་ནས་ཕྱོགས་བསྡུས་ཨང་རིམ་དབྱེ་བ་རེད། འགྲན་བསྡུར་བྱས་རྗེས་ཉིང་ཁྲི་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་འགྲན་བསྡུར་ཆེན་མོའི་གསེར་དང་དངུལ་གྱི་བྱ་དགའ་ཐོབ་མཁན་བདམས་ཐོན་པ15ལ“ཉིང་ཁྲི་གྲོང་ཁྱེར་གྱི་ལག་རྩལ་མཁས་པའི”གཟི་བརྗིད་མཚན་སྙན་སྤྲད་པ་མ་ཟད། གོ་རིམ་ལྟར་དམིགས་བསལ་གོང་འཕར་བྱས་ཏེ་ལས་རིགས་རྩལ་ནུས་ཀྱི་རིམ་པ་མཐོ་རུ་བཏང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་ལག་རྩལ་བཟོ་པའི་སློབ་གྲྭས་རྗེས་མར་ངལ་རྩོལ་པ་སྔར་བས་མང་བོ་དང་ལྷག་པར་དུ་ན་གཞོན་དག་རྩལ་ནུས་ཤེས་ལྡན་པར་འགྱུར་བ་དང་རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་གཟོ་བའི་ལམ་བུར་བསྐྱོད་རྒྱུར་སྐུལ་ལྕག་བྱས་ཏེ། རྩལ་ནུས་མཐོ་བའི་ཤེས་ལྡན་པ་དང་མཐོ་སྒང་གི་ལག་ཤེས་པ་སྔར་བས་མང་བོ་གསོ་སྐྱོང་བྱས་ནས་ཉིང་ཁྲིའི་འཕེལ་རྒྱས་ཐད་རྩལ་ནུས་ལྡན་པའི་ཤེས་ལྡན་པ་མཁོ་འདོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།