བོད་ལྗོངས་ཀྱི་ལས་རིགས་ཁག་གིས་ཞིང་བྲན་ཁྲི་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ62འཁོར་བར་དྲན་གསོ་ཞུས་པ།

W020210328715039606598.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3ཚེས28ཉིན་ནི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་62ལོན་པའི་དྲན་གསོའི་ཉིན་མོ་ཡིན་པས། བོད་ལྗོངས་ཀྱི་ས་གནས་ཁག་གི་མང་ཚོགས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དུས་ཆེན་གཟབ་རྒྱས་དེར་མཉམ་དུ་རྟེན་འབྲེལ་ཞུས། ཉིན་དེར་ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་ལས་འགུལ་ལ་བརྟེན་ནས་རང་རྒྱལ་གྱི་དྲན་གསོ་ཁང་སྟེ། བོད་ལྗོངས་ཀྱི་ཞིང་བྲན་ཁྲི་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གསར་པ་དེ་ལྷ་ས་ནས་དངོས་སུ་སྒོ་འབྱེད།

dad042a4-04c8-4550-add5-9403d9335a1d.jpg

སྔ་དྲོའི་ཆུ་ཚོད་10བའི་སྟེང་། ཕོ་བྲང་པོ་ཏ་ལ་ཐང་ཆེན་དུ་བརྗིད་ཉམས་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་ཞིང་། མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་1000ལྷག་གིས་སྐར་ལྔའི་དར་དམར་དལ་བུར་སྒྲེངས་བ་དང་བསྟུན་ནས་རྒྱལ་གླུ་བླངས། རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས། བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས“བོད་ལྗོངས་ཀྱི་ཞིང་བྲན་ཁྲི་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཉིན་མོའི”དྲན་གསོའི་བཞུགས་མོལ་ཚོགས་འདུར་ཞུགས་ཤིང་། ལོ་ངོ་62ཀྱི་སྔོན་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་སུ་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་གྱི་ཚ་རླབས་སྤེལ་ནས། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་ཞིང་། སྡེ་པ་གཞུང་དང་སྐུ་དྲག དགོན་སྡེའི་མཐོ་རིམ་སེར་མོ་བ་བཅས“མངའ་བདག་ཆེན་པོ་གསུམ”གྱི་དབང་སྒྱུར་རྦད་དེ་མགོ་རྟིང་བསློགས་པས། ཞིང་བྲན་ཁྲི་བརྒྱར་རང་ཁྱིམ་རང་བདག་གི་དབང་ཆ་ཐེངས་དང་པོ་ཐོབ།

W020210329612868030024.jpg

རང་ལོ་75ལ་སླེབས་ཡོད་པའི་ཡར་ལངས་ཞིང་བྲན་གྱི་འཐུས་མི་རྡོ་རྗེས། “ངའི་མི་ཚེའི་བཀའ་དྲིན་ཆེ་ཤོས་ནི་གུང་ཁྲན་ཏང་དང་། ལོངས་སྤྱོད་ཆེ་ཤོས་ནི་འཛུམ་མདངས། ཤེས་རྟོགས་ཟབ་ཤོས་ནི་བདེ་སྐྱིད་ཡིན”ཞེས་བཤད། བོད་ལྗོངས་ཀྱི་སྤྱི་ཇོགས་རྙིང་པའི་དུས་སྐབས་སུ། བགྲེས་སོང་རྡོ་རྗེ་ཚང་གི་ཁྱིམ་མི་ཚང་མ་ཞིང་བྲན་ཡིན་པས། ཁོང་གིས་ཆུང་དུས་ནས་ཞིང་བྲན་བདག་པོའི་ཕྱུགས་རྫི་བྱས་ཤིང་། ཁྱིམ་མི་བཞི་བོ་ཕྱུགས་རའི་ནང་འཚོ་གནས་བྱེད་དགོས་ལ་ཉི་མ་རེ་རེ་བཞིན་ལྟར་འཚོ་བའི་ཆེད་དུ་དཀའ་སྡུག་ཚད་མེད་མྱོང་དགོས།

W020210327778785059537.jpg

W020210327777403984001.jpg

བོད་ལྗོངས་ཀྱི་ཞིང་བྲན་ཁྲི་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་སྣེ་ཁྲིད་དེ་རླབས་ཆེན་དམངས་གཙོ་བཅོས་སྒྱུར་ལམ་ལུགས་གང་ལེགས་སྒོས་མཚོན་པའི་ཕྱོགས་བསྡུས་རང་བཞིན་གྱི་བརྗོད་དོན་གཙོ་བོ་ཡིན་པའི་དྲན་གསོ་ཁང་ཡིན་ཞིང་། དྲན་གསོ་ཁང་གི་འགྲེམ་སྤེལ་གྱིས“བོད་ལྗོངས་ཀྱི་ཞིང་བྲན་ཁྲི་བརྒྱར་བཅིངས་འགྲོལ་ཐོབ་པ”བརྗོད་དོན་གཙོ་བོར་བཟུང་ཞིང་། “བོད་ལྗོངས་ཀྱི་སྤྱི་ཚོགས་གསར་རྙིང་གི་ཞིབ་བསྡུར”གཙོ་རྐང་དུ་བཟུང་བ་དང་། “དམངས་གཙོ་བཅོས་སྒྱུར”གཙོ་གནད་དུ་བཟུང་བའི་སྒོ་ནས། “བོད་ལྗོངས་ནི་གནའ་སྔ་མོ་ནས་མེས་རྒྱལ་དང་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་ཡིན་པ”དང་། “བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་བོད་ལྗོངས།”  “རླབས་ཆེན་དམངས་གཙོ་བཅོས་སྒྱུར།” “བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པ”དང“མགོ་འཕང་མཐོ་ཞིང་གོམ་ཞེང་ཆེན་པོས་དུས་རབས་གསར་པར་སྐྱོད་པ”བཅས་འགྲེམ་སྤེལ་སྡེ་ཚན་ཁག5ལ་བགོས་ཡོད།

W020210329612867991586.jpg

ཉིན་དེར་ཉིང་ཁྲི་དང་ལྷོ་ཁ། གཞིས་རྩེ་སོགས་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་དར་སྒྲེང་བ་དང་རིག་རྩལ་འཁྲབ་སྟོན་བྱེད་པ། གླུ་གཞས་ལེན་པ། པར་རིས་འགྲེམས་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་དྲན་གསོའི་བྱེད་སྒོ་སྣ་ཚོགས་སྤེལ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།