བོད་ལྗོངས་ཀྱིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ62འཁོར་བར་དྲན་གསོ་ཞུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3ཚེས28ཉིན་བོད་ལྗོངས་ཀྱི་ས་ཁུལ་ཁག་གི་མང་ཚོགས་ཚོས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོར་བརྟེན་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་དྲན་གསོ་ཞུས་པ་རེད།

ཚེས་28ཉིན། ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པ་དང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས(མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས)སྒྲུབ་མཁན་འཁུར་བའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་ལྷ་ས་རྫོང་རྒྱབ་ཀླུ་ཁང་དུ་གཉེར་བ་རེད། ངོ་མཚར་ཆེ་བའི་འཁྲབ་སྟོན་བལྟས་རྗེས་ལྟད་མོ་ལྟ་མཁན་ཚེ་རིང་བཀྲ་ཤིས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས“ད་རེས་ཀྱི་འཁྲབ་སྟོན་ལྟད་མོ་ཧ་ཅང་ཆེན་པོ་འདུག དེ་ནི་དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་མངོན་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཏང་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་འདུ་ཤེས་གང་ལེགས་མཚོན་པ་དང་རྒྱ་ཆེའི་མང་ཚོགས་ལ་ལོ་རྒྱུས་བློ་ལ་བརྟན་པོ་ངེས་པ་དང་ད་ཆའི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་སོང”ཞེས་བཤད།

ཚེས་28ཉིན་གྱི་སྔ་དྲོ། བོད་ལྗོངས་ནང་བསྟན་སློབ་གླིང་དུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་དྲན་གསོ་ཞུ་བའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས་ལས་བྱེད་ལས་བཟོ་ཡོངས་དང་དཔེ་ཆའི་དགེ་རྒན་དང་སློབ་མ་ཚང་མ་ཞུགས་པ་རེད། ཚང་མས་ལོ་62རིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བྱ་གཞག་ཁག་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། རྒྱལ་གཅེས་ཆོས་ལུགས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ། ཆོས་དད་རང་མོས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་བ། ཆོས་ལུགས་ལས་དོན་གྱི་དོ་དམ་ཚད་ལྡན་དང་གོ་རིམ་དང་ལྡན་པ། ཆོས་ལུགས་གྲུབ་མཐའ་ཚང་མར་བརྩི་བཀུར་དང་སྲུང་སྐྱོབ་ཐུབ་སྟེ་ཆོས་ལུགས་འཆམ་མཐུན་དང་ལམ་ལྷོངས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་ཅེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།

ཚེས་28ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་ཏང་སྲིད་དམག་ཉེན་དམངས་སོགས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས། བཅིངས་འགྲོལ་ཐང་ཆེན་དུ“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་རྒྱལ་དར་སྒྲེང་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་རེད། སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ་བརྗིད་ཉམས་ཆེ་བའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱི་རོལ་དབྱངས་དང་བསྟུན་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས། ཐང་ཆེན་ཐོག་བོད་ཤར་རྒྱུད་ཀྱི་བུ་ཕྲུག་ཚོས་རྒྱལ་གླུ་མཉམ་དུ་བླངས་ནས་ལྷག་བསམ་རྣམ་དག་ངང་ཏང་ལ་དྲིན་ཚོར་ཚད་མེད་དང་བློ་དཀར་སེམས་དཀར་བྱེད་པ་དང་རླབས་ཆེན་མེས་རྒྱལ་ལ་སྙིང་ཐག་པ་ནས་སྨོན་འདུན་ཞུ་ལུགས་མཚོན་པར་བྱས་ཡོད།

དེ་རྗེས། ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པས་བཅིངས་འགྲོལ་ཐང་ཆེན་དུ“དུས་བདེའི་ཆབ་མདོ་འཛུགས་སྐྲུན་བྱེད། ང་ཚོས་མཉམ་དུ་བྱ་སྤྱོད་སྤེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“3·28”དྲན་གསོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ཚེས་28ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས་སུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པར་རྟེན་འབྲེལ་ཞུ་བ་དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་བྱས་རྗེས་ཁ་རུབ་ཆུས་དང་། བྲག་གཡབ་རྫོང་། རི་བོ་ཆེ་རྫོང་བཅས་ནས་ཡིན་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་6གིས་སྤེལ་རེས་གཏམ་བཤད་གནང་བ་རེད། “ལོ་62གོང་གི་དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་མི་རིགས་ཁག་མི་དམངས་ཀྱི་ངོས་ནས་བརྗོད་ན་ཚེ་སྲོག་གསར་པ་ཐོབ་པ་ཞིག་ཡིན་པས་དེར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། 1951ལོར་ཆབ་མདོ་ས་ཁུལ་དུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་རང་ལས་མེད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་60ལྷག་ཙམ་ལས་མེད། མིག་སྔར། ཆབ་མདོ་གྲོང་ཁྱེར་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་669ཡོད་པར་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་1951ལོའི་ལྡབ་2464ཡིན་པ་དང་། སློབ་གསོའི་རྨང་གཞིའི་སྒྲིག་བཀོད་དང་གཞི་རིམ་གྱི་སློབ་གཉེར་ཆ་རྐྱེན་ཚང་མ་ཧ་ཅང་ལེགས་སུ་ཕྱིན་ཡོད”ཅེས་ཁ་རུབ་ཆུས་སློབ་ཆུང་གི་སློབ་སྤྱི་ལི་ཧའེ་པོ་ཡིས་དེ་ལྟར་བཤད།

“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་ཧྭ་གློག་བོད་ལྗོངས་ཀུང་སིའི་ཏང་ཀྲི་པུའུ་4588དང་། གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་དོན་རུ་ཁག འོམ་བུའི་ལྷོ་ཕྱོགས་སྡེ་ཁུལ་གྲོང་ལྷན་གྱི་ཏང་ཀྲི་པུའུ་བཅས་ཀྱི་ཏང་ཡོན་60ལྷག་ཙམ་མཉམ་དུ་འཛོམས་ནས། མཉམ་འབྲེལ་ཐོག“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་བཀའ་དྲིན་ཚོར་བ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་དྲན་གསོ་ཞུ་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། ཏང་ཡོན་ཚོས་ཐུན་མོང་ཐོག་སྒམ་བརླིང་ལྡན་པའི་ངང་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ་དང་། ཏང་གི་ལོ་རྒྱུས་དང་མི་རིགས་མཐུན་སྒྲིལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་ཡོད། ཀྲུང་དབྱང་ཁེ་ལས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཏང་ཀྲི་པུའུ་4588ཀྱི་ཧྲུའུ་ཅི་ཧུའུ་ཁྲུན་ཆིང་གིས་ཚང་མ་དང་མཉམ་དུ་ཀྲུང་གོ་ཧྭ་གློག་ཚོགས་པས་ཉི་མ་རྫོང་དུ་གློག་ཤུགས་བོད་སྐྱོར་བྱས་པའི་གཏམ་རྒྱུད་སྐོར་མཉམ་སྤྱོད་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།