ད་ལོར་བོད་ལྗོངས་ཀྱིས་རོང་འབྲོག་པ་ཁྲི60ལྷག་ལས་ཞུགས་སྤོ་སྒྱུར་བྱ་རྩིས་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་སྐུལ་འདེད་ཚན་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་ལྗོངས་ཡོངས་སུ་རོང་འབྲོག་པ་ཁྲི60ཡན་ལས་ཞུགས་སྤོ་སྒྱུར་བྱས་ནས་མི་ཁྲི70ལ་སླེབས་པ་བརྩོན་ལེན་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར50ཟིན་པ་དང་། མི་ཁྲི10ལ་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་རེད།

ད་ལོར་བོད་རང་སྐྱོང་ལྗོངས་ཀྱིས་ལས་ཞུགས་སྔོན་ལ་བྱེད་པའི་སྟོན་ཕྱོགས་མུ་མཐུད་རྒྱུན་འཁྱོངས་བྱས་ནས་རོང་འབྲོག་པ་ལས་ཞུགས་སྤོ་སྒྱུར་བྱ་རྒྱུ་དང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་གཉིས་རང་འགུལ་ངང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ། ས་ཁུལ་ཁག་གི་ལས་ཞུགས་སྤོ་སྒྱུར་རྟེན་གཞི་གཏན་འཇགས་ངང་སྟོབས་ལྡན་དུ་བཏང་ནས། 2021ལོར་སླར་ཡང་ལས་ཞུགས་རྟེན་གཞི150བསྐྲུན་ནས་རོང་འབྲོག་པ་ཁྲི8ཡན་ལས་ཞུགས་སྤོ་སྒྱུར་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད། དཔལ་འབྱོར་གསར་སྤེལ་ཁུལ་དང་བཟོ་ལས་གླིང་ཁུལ། རིག་གནས་ཐོན་ལས་གླིང་། རོང་འབྲོག་ཐོན་ལས་གླིང་ཁུལ། མཉམ་ལས་རྩ་འཛུགས་སོགས་ལས་ཞུགས་ཀྱི་གཡུལ་ས་གལ་ཆེན་གྱི་གྲས་ཤིག་ཏུ་སྐྱེད་སྲིང་བྱས་ཏེ། རྟེན་གཞི་དང་རོང་འབྲོག་པའི་བར་ངལ་རྩོལ་གན་རྒྱ་འཇོག་པར་སྐུལ་མ་གཏོང་བ་དང་ལྷག་པར་དུ་མཐའ་མཚམས་རྫོང་དང་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་རྟེན་གཞི་འཛུགས་སྐྲུན་ལ་གཙོ་གནད་སྒོས་རོགས་སྐྱོར་བྱས་ནས། མཐའ་མཚམས་ས་ཁུལ་གྱི་རོང་འབྲོག་པ་ཐག་ཉེ་ས་དང་སྟབས་བདེའི་ངང་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་སྟེ། རྟེན་གཞི་དེ་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་གྱི་གཏན་འཇགས་མ་ལག་ཞིག་ཏུ་བསྐྲུན་རྒྱུ་རེད།

དེ་དང་ཆབས་ཅིག་ཏུ་ཁྲོམ་རའི་དགོས་མཁོ་དང་ལས་གཞིར་ལས་མི་དཀོན་པའི་གནས་ཚུལ་ལ་གཞིགས་ནས་སྔར་ལ ས་དམིགས་སའི་རང་བཞིན་ལྡན་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་རྒྱ་ཆེར་སྤེལ་རྒྱུ་རེད། གསོ་སྦྱོང་དང་ལས་ཞུགས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྦྱོང་རྣམ་གྲངས་བཀོད་སྒྲིག་བྱས་ཏེ2021ལོར་ལས་རིགས་རྩལ་ནུས་གསོ་སྦྱོང་མི་གྲངས་ཁྲི12ལ་སླེབས་པར་བརྩོན་ལེན་བྱ་རྒྱུ་ཡིན་ལ། གསོ་སྐྱོང་སྦྱོང་བརྡར་བྱས་རྗེས་མི་ཁྲི7.2ཡན་ལས་ཞུགས་ཐུབ་པ་དང་། “སྦྱོང་ཚབ་ལས་སྤྲོད”དང“གན་བཞགགནས་ངེས”གསོ་སྐྱོང་གི་བསྡུར་ཚད50%ཟིན་ཏེ། ལས་ཞུགས་སྤོ་སྒྱུར་གྱི་སྤུས་ཚད་མཐོར་འདེགས་སུ་བཏང་ནས་རོང་འབྲོག་པ“ཐོན་ལས་བཟོ་པར”བསྒྱུར་བར་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།