རང་སྐྱོང་ལྗོངས་རོང་འབྲོག་ཚན་རིག་ཁང་གིས་ས་མཐོའི་རོང་འབྲོག་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་བཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་གསར་འགོད་པས་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་2020ལོའི་ལས་དོན་ཕྱོགས་སྡོམ་དང་2021ལོའི་ལས་དོན་བཀོད་སྒྲིག་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས“123”འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་ཞིང་འབྲོག་ཚན་རྩལ་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། “123” འཐབ་ཇུས་ཏེ། མཐོ་ས་གཅིག་གཏོད་པ་ནི། མཚོ་བོད་ས་མཐོའི་ཞིང་འབྲོག་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་ཡིན་པ་དང་། གསར་གཏོད་ཚོགས་པ་ཆེ་གྲས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི། ནས་ཀྱི་ཁྱབ་ཁོངས་ཀྱི་གསར་གཏོད་ཚོགས་པ་དང་འབྲི་གཡག་ཁྱབ་ཁོངས་ཀྱི་གསར་གཏོད་ཚོགས་པ་ཡིན། ལས་གྲྭ་ཆེན་པོ་གསུམ་ལག་ལེན་བསྟར་བ་ནི། ཞིང་ཆེན་དང་པུའུ་མཉམ་སྐྲུན་གྱི་ནས་ཀྱི་སོན་བཟང་དང་འབྲི་གཡག་རྒྱུད་ཀྱི་རྒྱུད་པའི་ཐོན་ཁུངས་དང་རྒྱུད་པ་ལེགས་བཅོས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་རིམ་སྤོར་གྱི་ལས་གྲྭ་དང་། ལྷ་སའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་སྒྱུར་བཀོད་ལས་གྲྭ རིམ་མཐོའི་ཤེས་ལྡན་པའི་ཚོགས་པ་འཛུགས་སྐྱོང་གི་ལས་གྲྭ་བཅས་ཡིན།

ཤེས་རྟོགས་བྱུང་བ་ལྟར་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་རིམ་པ་ཁག་དང་རིགས་ཁག་གི་ཚན་རྩལ་རྣམ་གྲངས་ཁྱོན་556དོན་འཁྱོལ་བྱས་པར་གྲུབ་འབྲས་22ལ་བྱ་དགའ་ཐོབ་པ་དང་རྣམ་གྲངས་194ལ་ཁེ་བེད་བདག་ཐོབ་རག་ཅིང་། ནས་དང་འབྲི་གཡག་སོགས་རྒྱུད་གཞི་ཚོགས་པའི་རྒྱུད་འཛིན་དང་དངོས་ཁམས་རི་མོ་ཐོག་མར་བྲིས་པ་དང་། དུས་མཚུངས་སུ་ས་གནས་ཀྱི་ཚད་གཞི་71བཟོས་པ་དང་ས་བོན་སྣ་ཁ14ཞིབ་བཤེར་གཏན་འཁེལ(ངོས་འཛིན་གཏན་འཁེལ)བྱས་ཏེ་རང་ལྗོངས་ཀྱི་ཚན་རྩལ་ཡར་ཐོན་ལས་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།