དབུལ་ཞྭ་ཕུད་ནས་ཕྱུག་པོའི་ལམ་དུ་བསྐྱོད་པ།

—— མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་བཀྲག་མདངས་འཚེར་ས།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་བཙུགས་ཚུན་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དེ་ཐོག་མཐའ་བར་གསུམ་དུ་དོན་ཆེན་ཨང་དང་པོ་དང་། ཆབ་སྲིད་ཀྱི་ལས་འགན་གལ་ཆེན། དམངས་འཚོའི་འདུ་འགོད་ཨང་དང་པོ་བཅས་ལ་བརྩིས་ནས་དམ་འཛིན་བྱས་ཏེ་གནད་སྨིན་དབྱེ་འབྱེད་དང་། མ་དངུལ་གྱི་རྒྱབ་སྐྱོར། གཙོ་གནད་ལ་དམིགས་པ། ཐོན་ལས་འཕེལ་རྒྱས། ནང་སྐྱེས་སྒུལ་ཤུགས་ཆེར་གཏོང་སོགས་ཐད་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་པ་དང་། དོན་འཁྱོལ་ལ་དམ་འཛིན། ཚད་བརྒལ་ཡོང་རེ་བཅས་བྱས་པས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་བཀྲག་མདངས་འཚེར་ས་རིམ་བཞིན་མངོན་ཏེ་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་རྐྱང་བསལ་ཡོད།

ཏང་འཛུགས་སྐྱོང་སྟོབས་ཆེར་བཏང་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

“སྣེ་ཁྲིད་གཉིས་དང་གསོ་སྐྱོང་གསུམ”གྱི་འདུ་འགོད་དང་མཉམ་སྡེབ་དཔལ་འབྱོར་གྱི“ཁོག་སྟོང་གྲོང་ཚོ”གཙང་སེལ་གྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ནས་གྲོང་ཚོ་གྲོང་ལྷན་145ལ་གྲོང་ཚོ་འགན་གཙང་ལེན་མཁན་གྱི་ལས་བྱེད་པ་1དང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོ་1སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་1དཔལ་འབྱོར་མཛུབ་ཁྲིད་པ་1རེ་བཏང་ནས་གྲོང་ཚོ་གྲོང་ལྷན་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་འཕེལ་རྒྱས་དོན་གཉེར་དང་། བརྟན་ལྷིང་སྲུང་སྐྱོང་། ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་བ། དམངས་འཚོར་ཕན་འདོགས་པ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ལ་རོགས་རམ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ནས་གྲོང་ཚོ་གྲོང་ལྷན་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་གོང་བུ་སྒྲིལ་ཤུགས་དང་འཐབ་ནུས་ཆེ་རུ་ཏན་ཏིག་བཏང་ནས་ཞིང་འབྲོག་ཁུལ་འཕེལ་རྒྱས་དང་བརྟན་ལྷིང་ཡོང་བའི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་རེད།

སྒྱུར་བཅོས་ལ་དམ་འཛིན་ཡག་པོ་བྱས་ནས་དབུལ་སྒྲོལ་གྱི་གསོན་ཤུགས་འཕེལ་བར་བྱས་པ།

མངའ་རིས་ས་ཁུལ་གྱིས“འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་སྟངས་གསར་པ་བཏོད་ནས་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི”དམིགས་ཚད་ལ་དམ་པོར་དམིགས་ནས་སྒེར་རྩེ་རྫོང་འཆམ་གུག་གྲོང་ཚོའི“སྒྱུར་བཅོས་གཅིག་དང་། བརྒྱུད་བཤུག་གཉིས། ལག་ཁྱེར་གསུམ”བཅས་དང“གཅིག་གྱུར་དྲུག་དང་། རྒྱབ་སྐྱོར་བཞི། འགན་ལེན་གཅིག”བཅས་ནང་དོན་གཙོ་བོར་བྱས་པའི་འབྲོག་ཁུལ་གྱི་སྒྱུར་བཅོས་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ཁྱབ་གདལ་བཏང་ཞིང་། མིག་སྔར་འཆམ་གུག་གྲོང་ཚོའི་འབྲོག་ལས་ཀྱི་སྒྱུར་བཅོས་ཉམས་མྱོང་ས་ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་78ལ་ཁྱབ་གདལ་བཏང་བར་བརྟེན་རྩྭ་ར་དང་རྨོ་ཞིང་བརྒྱུད་བཤུག་གི་ཡོང་འབབ་སྒོར་ཁྲི་307བྱུང་ཡོད་པ་རེད།

མཚོ་ཆེན་རྫོང་གིས་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་བསྐྲུན་པ་དང་། ཟོག་འགྲེམས་བརྒྱུད་འདྲེན་ལྟེ་གནས་བསྐྲུན་པ། སྨན་སྟོང་གྲོང་ལྷན་གྱི་དྲ་ཐོག་ཚོང་དོན་གྱི་གྲོང་ཚོ་དང་པོ་བསྐྲུན་པ། དྲ་ཐོག་ཚོང་དོན་གྱི་ལས་སྟེགས་དང་། དྲ་ཕྱིའི་ཉམས་ལེན་ཁང་། ཚོང་འདུས་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་2016ལོ་ཚུན་དུ་རིམ་རྩིས་བྱས་ན་འབྲོག་པ་མང་ཚོགས་ལ་ཐོན་རྫས་སྒོར་ཁྲི་4185ཕྱིར་ཚོང་བྱེད་རོགས་བྱས་ནས་རྫོང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་1120གྱི་མང་ཚོགས་དབུལ་པོ་4294ལ་ཡོང་འབབ་སྒོར་ཁྲི་570ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད།

སྤུ་ཧྲེང་རྫོང་བར་ག་ཤང་གངས་ས་གྲོང་ཚོས་གངས་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་འབྱོར་ཕྱུག་སྒོ་དབྱེ་དང་། ཐོན་ལས་འཕེལ་རྒྱས། ཁྱད་ཆོས་མངོན་གསལ་དོད་པ། འབབ་འཕར་མངོན་གསལ་དོད་པ་བཅས་ཀྱི“མཉམ་སྡེབ་དཔལ་འབྱོར་གྱི་གྲོང་ཚོ་དང་པོ”གཏོད་རྒྱུ་གོ་སྐབས་སུ་བྱས་ཏེ་འབྲི་གཡག་སྐྱེལ་འདྲེན་དང་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་བསྐྲུན་པས་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.22བྱུང་སྟེ་མང་ཚོགས་དབུལ་པོར“ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་ཐུབ་པ”བྱུང་བ་དང་། དབུལ་ཞྭ་ཕུད་ནས་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་པ་བྱུང་ཡོད།

གནས་སྤོའི་ལས་དོན་ལེགས་པར་བསྒྲུབས་ནས་བདེ་སྡོད་ལས་བརྩོན་ཡོང་བ་བྱས་པ།

མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་དང་ལྷག་པར་དུ་ཐོན་སྐྱེད་རྒྱུ་ཆ་ཐག་གཅོད་དང་རྗེས་མཐུད་ཀྱི་རོགས་སྐྱོར་ལས་དོན་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་པའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་བཀོད་སྒྲིག་ས་ཚིགས་ལུགས་མཐུན་བཀོད་སྒྲིག་དང་། རྗེས་མཐུད་ཐོན་ལས་ཚན་རིག་དང་མཐུན་པའི་ངང་ཆ་འགྲིག ཐོན་སྐྱེད་རྒྱུ་ཆ་ཐག་གཅོད་འོས་འཚམ། རྗེས་མཐུད་རྒྱབ་སྐྱོར་དང་རོགས་སྐྱོར་ལམ་སྲོལ་འཚོལ་ཞིབ་ཧུར་ཐག གནས་སྤོས་མང་ཚོགས་ཀྱི་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་བ་བཅས་བྱས་པས“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ཡོད་པ་རེད།

2019ལོའི་ཟླ་7པར་གནས་སྤོ་འཆར་འགོད་བྱས་པའི་དུད་ཚང་2101གི་མི་7786སྔོན་ལ་ཚང་མ་གནས་སྤོ་ཐུབ་པ་བྱུང་བ་དང་། ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ས་ཚིགས་30ལ་ཐོན་ལས་རྣམ་གྲངས་40ལེ་ལག་ཚང་བའི་སྒོ་ནས་འཛུགས་སྐྲུན་བྱས་ཏེ་འདེབས་འཛུགས་གསོ་ཚགས་དང་། གསོ་སྦྱོང་ལས་ཞུགས། ངལ་ནུས་ཕྱིར་གཏོང་། ཐོན་ལས་གསུམ་པ་འཕེལ་རྒྱས་སོགས་ཀྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་གནས་སྤོས་མང་ཚོགས་ཀྱི་འབབ་འཕར་གྱི་ལམ་བུ་ཇེ་ཡངས་སུ་ཧུར་ཐག་བཏང་ཡོད།

2016ལོ་ཚུན་མངའ་རིས་ས་ཁུལ་དུ་རིམ་རྩིས་བྱས་ན་དུད་ཚང་དབུལ་པོ་6183གྱི་མི་23159དབུལ་ཕོངས་ལས་གྲོལ་ནས་དབུལ་པོ་ཐོན་ཚད་2015ལོའི་28.7%ནས་ཀླད་ཀོར་བར་ཆག་སྟེ་ས་ཁུལ་ཡོངས་ཀྱི་གྲོང་ཚོ་གྲོང་ལྷན་དབུལ་པོ་139ཚང་མ་དབུལ་པོའི་གནས་ལས་གྲོལ་བ་དང་། རྫོང་7ཚང་མའི་དབུལ་ཞྭ་ཕུད་ཐུབ་པ་བྱུང་བ། 2020ལོར་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་དཔག་ལྟར་ན་སྒོར་13818ཟིན་ནས་ལོ་རེར་ཆ་སྙོམས་11.8%འཕར་བ་ལས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོར་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་10261ཟིན་ནས་རྒྱལ་ཁབ་ཀྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་དབུལ་སྒྲོལ་ཚད་གཞིའི་སྒོར་6261ལས་བརྒལ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།