ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་མ་ལག་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2020ལོའི་ལོ་མཇུག་བར། གྲོང་ཁྱེར་ཡོངས་སུ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་63.8ཟིན་པ་དང་། འགན་བཅོལ་ནང་ཞུགས་ཚད་96%ཡན་རྒྱུན་མཐུད་བརྟན་པོ་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་དམིགས་བསལ་ནད་རིགས་ཀྱི་ཚད་བཀག་དེ་སྔའི་20ནས་49བར་མང་དུ་སོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྤྱི་འདོམས་ཐེབས་རྩའི་ལོ་འཁོར་གྱི་དངུལ་སྤྲོད་པའི་ཚད་གཞི་མཐོ་ཤོས་དེ་སྔོན་མའི་སྒོར་ཁྲི་8ནས་སྒོར་ཁྲི་60བར་མཐོ་རུ་ཕྱིན་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གྱིས་2020ལོར《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》བཏོན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་བསྡུ་སྒྲིལ་བྱས་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མ་ལག་ཀྱང་བཙུགས་པ་རེད། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)8ཀྱི་སྨན་བཅོས་འགན་སྲུང་ཅུས་དང་། ནུས་པའི་ཁུལ་3གྱི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞི། དམིགས་བཙུགས་སྨན་བཅོས་སྒྲིག་གཞི་48བཅས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི“གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ”བཅས་ཀྱི“སྐར་ཁུང་གཅིག་ཏུ་སྒྲུབ་གཉེར་དང་། གཅིག་འཐུས་རྣམ་པའི་ཞབས་ཞུ། འཛིན་རྐྱང་ལམ་ལུགས་ཀྱི་སྨན་རིན་རྩིས་རྒྱག”བཅས་ཟུང་འབྲེལ་བྱེད་སྟངས་མངོན་འགྱུར་བྱུང་བ་མ་ཟད། སྔོན་ཆད་ནད་ཆེན་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ཀྱི་རྙོག་དྲ་ཚ་བའི་འགྲོ་ལུགས་གཉེར་རྒྱུ་ཧ་ཅང་སྟངས་བདེ་རུ་ཕྱིན་ནས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཚོ་ཡར་རྒྱུག་མར་རྒྱུག་བྱེད་དགོས་མེད།

གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་སྲུང་གི་ཐོབ་ཐང་སྔར་བས་ལེགས་སུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་དམིགས་བསལ་ནད་རིགས་དེ་སྔའི་20ནས་49བར་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྤྱི་འདོམས་ཐེབས་རྩའི་ལོ་འཁོར་གྱི་དངུལ་སྤྲོད་པའི་ཚད་གཞི་མཐོ་ཤོས་དེ་སྔོན་མའི་སྒོར་ཁྲི་8ནས་སྒོར་ཁྲི་60བར་མང་དུ་ཕྱིན་པ་རེད། རང་ཉིད་ཀྱིས་སྤྲོད་དགོས་པའི་སྨན་རིན་གྱི་ཆ་ཤས་སྤྲོད་པར་སྔར་བཞིན་དཀའ་ངལ་ཡོད་ཚེ“བྱ་བ་རེ་ལ་གྲོས་བསྡུར་རེའི”རྩ་དོན་གཞིར་བཟུང་སྨན་བཅོས་རོགས་སྐྱོབ་མ་དངུལ་ནས་དམིགས་བསལ་ཐག་གཅོད་བྱེད་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་ལེན་རང་འདེམས་ཞབས་ཞུའི་འཕྲུལ་འཁོར་ཟླ་ལྔ་པར་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།