ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་བདེ་འཇགས་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་དུ་བདེ་འཇགས་ཞིབ་བཤེར་ཆེ་མོ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་བདེ་འཇགས་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་ལས་རིགས་ཁུལ་དུ་བདེ་འཇགས་ཞིབ་བཤེར་ཆེ་མོ་བྱས་ཏེ། མངོན་མེད་རྐྱེན་ངན་སེལ་ནས་བདེ་འཇགས་ཡག་པོ་ཡོང་བའི་འགན་ལེན་བྱས་པ་རེད།

དེའི་རིང་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་སྤྲོ་སྐྱིད་ཁང་དང་། གཟུགས་པོ་འཁྲུད་ཁང་། ཇ་ཁང་། མགྲོན་ཁང་སོགས་སུ་ལྐོག་བཤེར་ལྐོག་འདྲི་དང་ཐོལ་བྱུང་ཞིབ་བཤེར་བྱས་ཏེ་གནས་པའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། མེ་ཟོན་བདེ་འཇགས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་བཅས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། ལས་རིགས་ཁུལ་དུ་ཁྲིམས་ལྟར་ཚོང་གཉེར་དང་དེ་བཞིན་ལས་གཉེར་མི་སྣའི་རེ་ཞུ་དང་། ཐོ་འགོད། ལག་ཁྱེར་གཉེར་སྒྲུབ་བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། གྲལ་བཤེར་ཐུབ་པའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་འཕྲལ་དུ་འགན་དཀྲིས་དག་ཐེར་བཅས་བྱས་ནས་ལས་རིགས་ཁུལ་དུ་དོ་དམ་ནན་པོ་ཐུབ་པའི་འགན་ལེན་བྱས་པ་རེད།

འཆལ་རྒྱན་དུག་གསུམ་དང་འབྲེལ་བའི་གྱོད་གཞིར་དོ་དམ་ཚོད་འཛིན་བྱེད་པའི་ལས་དོན་དོན་འཁྱོལ་ནན་པོ་བྱ་ཆེད། བདེ་འཇགས་རུ་ཆེན་གྱིས་འབྲེལ་ཡོད་གྱོད་སྒྲུབ་སྡེ་ཚན་དང་མཉམ་དུ་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ། སྔོག་འདོན་གཏིང་ཟབ་དང་། ཞིབ་བཤེར་ཞིབ་ཚགས། རྡུང་རྡེག་ཚ་ནན་བཅས་བྱེད་པ་དང་། གྱོད་གཞི་ཤེས་རྟོགས་བྱུང་རིགས་ལ་ཆད་པ་ནན་པོ་གཅོད་པ། འཆལ་རྒྱན་དུག་གསུམ་གྱི་ཁྲིམས་འགལ་ཉེས་གསོག་ཟིལ་གྱིས་གནོན་པ། འབྲེལ་ཡོད་གྱོད་གཞི(གནས་ཚུལ)ཐོན་ཉུང་དུ་ཏན་ཏིག་གཏོང་བ། ལས་རིགས་ཁུལ་དག་ཁྲིམས་འགལ་ཉེས་པ་གསོག་ཡུལ་དུ་འགྱུར་རྒྱུ་གཏན་འགོག་བཅས་བྱས་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་ཁོར་ཡུག་ཟམ་མི་ཆད་པར་གཙང་སེལ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།