ནག་ཆུ་གྲོང་ཁྱེར་གྱིས་ཕྱུགས་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་པར་སྐྱེ་སྟོབས་རྒྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནག་ཆུ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་གྲང་ངར་ཆེ་བའི་ཕྱུགས་ལས་རྐྱང་བ་གཉེར་བའི་ས་ཁུལ་ཡིན་ལ། ཕྱུགས་ལས་ནི་ས་གནས་མང་ཚོགས་ཀྱི་ཡོང་སྒོའི་འབྱུང་ཁུངས་གཙོ་བོ་ཡིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ཕྱུགས་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་ཕྱུགས་ལས་ཐོན་ལས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་རེད། སྣེ་འདྲེན་ཁེ་ལས་འཛུགས་སྐྲུན་ཐད་ཤུགས་སྣོན་བྱས་པ་བརྒྱུད་ནས་སྣེ་འདྲེན་ཁེ་ལས་དང་ཞིང་དུད། རྟེན་གཞི་བཅས་བར་ཀྱི་འབྲེལ་བ་གཏན་འཇགས་སུ་བཏང་སྟེ། རྩ་འཛུགས་ཅན་དུ་འགྱུར་ཚད་ཇེ་མཐོར་གཏོང་བ་དང་འཕེལ་རྒྱས་རྟེན་གཞི་བཙུགས་ནས་རིན་གོང་ཁ་གསབ་བྱེད་ཐབས་ལེགས་པོར་སྤྱད་པ་དང་། ལག་རྩལ་ཞབས་ཞུར་ཤུགས་སྣོན་བྱས་ནས་སྣེ་འདྲེན་ཁེ་ལས་དང་འབྲོག་ཁྱིམ་བར་ཐོན་སྐྱེད་དང་། མཁོ་འདོན། ཕྱིར་འཚོང་བཅས་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་སོགས་བྱེད་ཐབས་རབ་དང་རིམ་པ་ཆགས་པར་གཙོ་གནད་རྒྱབ་སྐྱོར་བྱས་ཏེ། འབྲོག་པ་མང་ཚོགས་ཀྱི་འབབ་འཕར་མངོན་འགྱུར་བྱུང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།