ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་པའི་ཉིང་ལག་རུ་ཁག་གིས“གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན”ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ།

139796796_16152703252021n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན”ཐེངས111སླེབས་པ་དང་བསྟུན། ཉིང་ལག་རུ་ཁག་གི་བུད་མེད་ཉེན་རྟོག་པ་ཡོངས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། བུད་མེད་ཉེན་རྟོག་པ་ཡོངས་ཀྱི་བྱ་བའི་ཧུར་ཐག་རང་བཞིན་དང་གསར་སྐྲུན་རང་བཞིན་ཇེ་དྲག་ཏུ་གཏོང་བ། བུད་མེད་ཉེན་རྟོག་པ་རྣམས་ཀྱིས་བློ་གཅིག་སེམས་གཅིག་གིས་ལྷ་སའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་བྱ་གཞག་ལེགས་པོར་སྒྲུབ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་པའི་ཉིང་ལག་རུ་ཁག་གིས་ཟླ3པའི་ཚེས8ཉིན་གྱི་སྔ་དྲོར། “སེམས་པ་ཏང་ལ་ཕྱོགས་ནས་དུས་རབས་གསར་པར་བྱས་རྗེས་འཇོག”ཅེས་པ་བརྗོད་གཞི་ཡིན་པའི“གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན”ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་རྒྱ་ཆེར་སྤེལ་བ་རེད།

139796796_16152703252541n.jpg

བྱ་འགུལ་ཁྲོད། བུད་མེད་ཉེན་རྟོག་པ་རྣམས་ཀྱིས་བྱེད་སྒོ་སྣ་མང་སྤེལ་བ་དང་། བར་གསེང་གི་དུས་ཚོད་བེད་སྤྱོད་བྱས་ནས་གླུ་དབྱངས་ལེན་པ་དང་། ཞབས་བྲོ་འཁྲབ་པ་སོགས་མི་སྒེར་གྱི་རིག་རྩལ་འཁྲབ་སྟོན་བྱས་ནས་བུད་མེད་ཀྱི་ཉམས་འགྱུར་མངོན་པ་རེད། ཉིང་ལག་རུ་ཁག་གི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་གྲས་ཀྱིས་གཟབ་མཆོར་སྤྲས་ནས་གླུ་ལེན་གར་རྩེད་དང་། ཉིང་ལག་རུ་ཁག་གི་བུད་མེད་ཉེན་རྟོག་པ་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཕུལ་བ་རེད།

139796796_16152703252891n.jpg

བྱ་འགུལ་མཇུག་རྫོགས་རྗེས། ཅུས་ཀྲང་གཞོན་པ་ཞེ་ཀུང་ཅིན་དང་། ཆབ་སྲིད་ཨུ་ཡོན་བྱམས་པ་བཀྲ་ཤིས། ཉིང་ལག་རུ་ཁག་ཀྱི་མགོ་ཁྲིད་བཅས་ཀྱིས་སོ་སོར་ལག་རྩེད་སྤོ་ལོ་འགྲན་སྡུར་དང་ཐག་འཐེན་འགྲན་སྡུར་ཁྲོད་རྒྱལ་ཁ་བླངས་པའི་རུ་མིར་ཁ་བཏགས་དང་། བྱ་དགའི་རྟགས་མ། བྱ་དགའི་དངོས་རྫས་སྤྲད་པ་མ་ཟད། ད་དུང་མི24ལ“གསུམ་བརྒྱད་ལས་གནས་དཔེ་ལེགས་ཅན”དང་མི5ལ“ཆེས་མཛེས་པའི་དམག་མིའི་ཁྱིམ་ཚང་གི་འཐུས་མི”བཅས་ཀྱི་གཟེངས་བསྟོད་མཚན་སྙན་སྤྲད་པ་རེད། །

139796796_16152703253251n.jpg

139796796_16152703253711n.jpg

139796796_16152703254211n.jpg

139796796_16152703254571n.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།