2020ལོར་ནག་ཆུ་གྲོང་ཁྱེར་གྱིས་བསྡོམས་པས་མི་ཁྲི7.9ལས་ཞུགས་སྤོ་སྒྱུར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “བརྟན་བརླིང་དྲུག”དང“འགན་ལེན་དྲུག”གི་ལས་དོན་དམིགས་འབེན་གྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་དང་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུར་རྨང་གཞི་བརྟན་པོ་བཏིང་ནས། རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་དང་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ལས་ཞུགས་སྤོ་སྒྱུར་ལས་དོན་དེ་གཙོ་གནད་ལས་དོན་ལ་བརྩིས་ནས་སྤྱི་འདོམས་འཆར་འགོད་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་རོང་འབྲོག་ཁུལ་གྱི་ངལ་ནུས་སྤོ་སྒྱུར་ལས་ཞུགས་ལས་དོན་ལ་སྐུལ་འདེད་བཏང་སྟེ་ཕན་འབྲས་དངོས་ཐོན་ཡོད།

གསར་འགོད་པས་རྒྱུས་ལོན་བྱུང་བར་གཞིགས་ན། མིག་སྔའི་བར་ནག་ཆུ་གྲོང་ཁྱེར་གྱིས་བསྡོམས་པས་རོང་འབྲོག་པ79736ལས་ཞུགས་སྤོ་སྒྱུར་བྱས་པ་དང་། ལས་འགན་ལེགས་འགྲུབ་བྱུང་ཚད113.91%ཟིན་ལ། ལས་ཞུགས་སྤོ་སྒྱུར་གྱི་ཡོང་འབབ་སྒོར་དུང་ཕྱུར10.27ཟིན་ནས་ལས་ཞུགས་སྤོ་སྒྱུར་གྱི་ཡོང་འབབ་ལས་འགན་ལེགས་འགྲུབ་བྱུང་ཚད146.71%ཟིན་པ་རེད།

རྗེས་མར། ནག་ཆུ་གྲོང་ཁྱེར་དབུལ་ཐར་འགག་སྒྲོལ་བཀོད་འདོམས་པུའི་ལས་ཞུགས་སྤོ་སྒྱུར་ཚན་ཆུང་གིས་སྐྱེལ་འདྲེན་རུ་ཁག་དང་རོང་འབྲོག་པའི་ཨར་སྐྲུན་རུ་ཁག་ཧུར་ཐག་གིས་སྒྲིག་འཛུགས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ། ནག་ཆུ་གྲོང་ཁྱེར་གྱི་རོང་འབྲོག་པའི་ངལ་ནུས་དང་འཚམ་པའི་ལས་གནས་མཁོ་འདོན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ལས་ཞུགས་གང་ལེགས་ཐུབ་པ་མངོན་འགྱུར་བྱེད་རྒྱུ་རེད། ཆེད་མི་བཀོད་སྒྲིག་བྱས་ཏེ་རོང་འབྲོག་པའི་ངལ་ནུས་ལས་ཞུགས་སྤོ་སྒྱུར་གྱི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་ཀྱི་འགན་འཁུར་བ་དང་། ཆེད་ལས་ཅན་གྱི་ངལ་ནུས་ཕྱིར་གཏོང་རྩ་འཛུགས་བཙུགས་ཏེ་རྫོང(ཆུས)ཕྱིའི་ལས་ཞུགས་ལས་གནས་ལ་རང་འགུལ་ངང་སྦྲེལ་མཐུད་བྱེད་པ། ཕྱི་ཕྱོགས་སུ་ལས་ཞུགས་བྱེད་པའི་འབྲེལ་ཡོད་ཁ་གསབ་དོན་འཁྱོལ་བྱེད་པ། རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་ལ་རོགས་རམ་བྱེད་པ། ལས་ཞུགས་བྱེད་འདོད་ཡོད་ཀྱང་ལས་ཞུགས་ནུས་པ་མེད་པའི་ངལ་ནུས་དག་ཐག་ཉེ་སར་བཀོད་སྒྲིག་བྱེད་པ་དང་། ཡུལ་དང་ཁ་བྲལ་མི་དགོས་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ལས་ཞུགས་མངོན་འགྱུར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།