ལག་རྩལ་གསར་བས་དབུལ་ཐར་བགྲོད་ལམ་ཇེ་ཡངས་སུ་བཏང་།

1.JPG

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གྲགས་བསྟན་མི་རིགས་རིག་གནས་ལག་ཤེས་བཟོ་ཚོང་འགན་འཁྲི་ཚད་ཡོད་ཀུང་ཟི་ནི་རི་བོ་ཆེ་རྫོང་གི་ཐོན་ལས་གླིང་དུ་ཆགས་ཡོད་ལ། ཀུང་ཟི་བཙུགས་ཚུན་ནས་བཟུང་སྔ་རྗེས་སུ་རིན་མེད་སྒོས་ས་གནས་ཀྱི་རོང་འབྲོག་པའི་ན་གཞོན200ལྷག་ལ་དམངས་ཁྲོད་ལག་རྩལ་སློབ་ཁྲིད་བྱས་ཤིང་། དེ་དག་ཤང་གྲོང4ལ་ཁྱབ་པ་དང་དེའི་ནང་དབུལ་ཕོངས་ཁྱིམ་ཚང་གི་ན་གཞོན་མི70ཡོད། མིག་སྔར། སློབ་མ་མང་ཆེ་ཤོས་ཀྱིས་ཀུང་ཟི་ནས་སྦྱང་བའི་ལག་རྩལ་ལ་བརྟེན་ནས་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་བཞིན་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།