ལྷོ་ཁ་གྲོང་ཁྱེར་གྱིས་དཔྱིད་འདེབས་བྱ་བར་གྲ་སྒྲིག་གང་ལེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུས་ཀྱི་འདེབས་འཛུགས་ལས་རིགས་ཚན་ཁག་ནས་རྒྱུས་ལོན་པ་ལྟར་ན། 2021ལོར་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་རྨོ་མགོ་བརྩམས་པའི་དུས་ཆེན་ནི་ལུགས་གསར་གྱི་ཟླ3པའི་ཚེས16ཉིན་ཡིན། རྫོང་སོ་སོའི་གནམ་གཤིས་ཆ་རྐྱེན་ལ་ཟུང་འབྲེལ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དཔྱིད་འདེབས་བྱ་བ་ཟླ2པའི་ཚེས25ཉིན་ནས་བཟུང་སྔ་གཞུག་ཏུ་སྤེལ་རྒྱུ་ཡིན་ལ། ཟླ5བའི་ཟླ་མཇུག་བར་དུ་དཔྱིད་འདེབས་བྱ་བ་ཕྱོགས་ཡོངས་ནས་མཇུག་རྫོགས་རྒྱུ་རེད།

ད་ལོར། ལྷོ་ཁ་གྲོང་ཁྱེར་གྱིས་དཔྱིད་འདེབས་གཞི་ཁྱོན་མུའུ་ཁྲི38.37ཡོད་ཅིང་། དེའི་ཁྲོད་ནས་ཀྱི་གཞི་ཁྱོན་མུའུ་ཁྲི27དང་། དཀྱུས་འབྲུའི་གཞི་ཁྱོན་མུའུ་ཁྲི0.56། པད་ཁའི་གཞི་ཁྱོན་མུའུ་ཁྲི3.54། སྔོ་ཚལ་གྱི་གཞི་ཁྱོན་མུའུ་ཁྲི3། གཟན་རྩའི་གཞི་ཁྱོན་མུའུ་ཁྲི4.27བཅས་ཡོད། མིག་སྔར་ས་བུན་རྒྱ་མ་ཁྲི813དང་རྫས་ལུད་ཏུན1056གྲ་སྒྲིག་བྱས་པ་དང་། ཞིང་བའི་ཁྱིམ་ལུད་གྲ་སྒྲིག་ལེགས་འགྲུབ་བྱས་ཏེ། དངོས་ཟོག་གཞན་དག་གྲ་སྒྲིག་འདྲེན་གཏོང་བྱེད་བཞིན་པའི་སྒང་ཡིན། དེ་མིན་གྲོང་ཁྱེར་དང་རྫོང་བཅས་རིམ་པ་གཉིས་ཀྱི་ལག་རྩལ་མི་སྣ་ཟླ2པའི་ཚེས25ཉིན་སྔ་གཞུག་ཏུ་ས་ཚིགས་རེ་རེར་བསྐྱོད་དེ་ལག་རྩལ་མཛུབ་སྟོན་དང་ཞབས་ཞུ་བྱ་བ་སྤེལ་ནས། དཔྱིད་འདེབས་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།