རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་སྟེང་བོད་ལྗོངས་ཀྱི་སྔོན་ཐོན་མི་སྒེར58དང་སྔོན་ཐོན་ཐུན་མོང་ཚོགས་པ42ལ་གཟི་བརྗིད་མཚན་སྙན་ཐོབ།

e9f6615d-c292-401a-b653-b7a826862ccc.jpg

འདི་ནི་བོད་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པའི་མི་སྣས་མི་དམངས་ཚོགས་ཁང་ཆེན་མོའི་མདུན་དུ་དྲན་རྟེན་པར་རྒྱག་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་མིག་དཔེའི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱ་དགའ་སྤྲད་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད། ཚོགས་ཆེན་སྟེང་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ཐད་ཀྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་བྱས་པ་རེད།

ཚོགས་ཆེན་ཐོག་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཞིང་ལས་དང་གློག་ཤུགས་ལས་དོན་པུའུ་ལ་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་མིག་དཔེའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། བོད་ལྗོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར58དང་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་ཐུན་མོང42ལ་གཟེངས་བསྟོད་ཐོབ་པ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།