ཆབ་མདོ་གློག་འདོན་ཀུང་སིས་ད་ལོའི་ཟླ་དང་པོར་གློག་འཚོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར1ལས་ཐོག་མར་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ1པོར་རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་གློག་འཚོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར1.335ལ་སླེབས་པ་དང་ལོ་རྒྱུས་ཐོག་གི་ཆན་ཝ་ཆུ་ཚོད་དུང་ཕྱུར1ལས་ཐོག་མར་བརྒལ་ནས་དུས་མཉམ་ལས103.05%འཕར་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 2020ལོ་ནས་བཟུང་རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ་དུས་མཚམས་རང་བཞིན་གྱི་གློག་རིན་བརྒྱ་ཆའི་ལྔ་གཅོག་པའི་སྲིད་ཇུས་ལག་བསྟར་བྱས་པས། བསྡོམས་རྩིས་བྱས་ན་བཟོ་ཚོང་ལས་རིགས་ཀྱི་སྤྱོད་མཁན་ཁྱིམ་ཚང1305ལ་གློག་སྤྱོད་མ་གནས་སྒོར་ཁྲི816.9བཅག་ཡོད་པ་རེད། དེ་དང་ཆབས་ཅིག་ཏུ་གློག་ཤུགས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ལོ་ཧྲིལ་བོར་མ་དངུལ་སྒོར་ཁྲི900བཏང་བ་དང་ཚད་འཇལ་སྒྲིག་ཆས་རྙིང་པ་བརྗེ་བའི་ལས་དོན་རྒྱ་ཆེར་སྤེལ་ནས་ཚད་འཇལ་གནད་ལ་འཁེལ་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་བ་དང་དམའ་གནོན་མཐོ་བའི་ཚོང་ཤག་གི་ཆ་སྙོམས་གློག་སྦྲེལ་དུས་ཚོད་ཇེ་ཉུང་དུ་བཏང་ནས་མང་ཚོགས་ལ་སྟབས་བདེ་བཟོས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།