ལྷ་ས་འགག་སྒོས་ཆེད་དོན་བྱ་སྤྱོད་སྤེལ་ཏེ་དབང་གནོད་དངོས་ཟོག6549ཞིབ་བཤེར་རྩད་གཅོད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ས་གནས་དེ་གའི་ཁེ་ལས་ཀྱི་རང་བརྟེན་ཤེས་བྱའི་བདག་དབང་གི་འགག་སྒོ་སྲུང་སྐྱོང་ཐོ་འགོད་སྙན་སེང་ཞུ་བའི་ཧུར་སེམས་སྔར་བས་ཆེ་རུ་གཏོང་བ་དང་ལྷ་ས་ཁྲེང་ཀོན་ཆུས་ཀྱི་ཤེས་བྱའི་བདག་དབང་གི་འགག་སྒོ་སྲུང་སྐྱོང་ཁེ་ལས་གསོ་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་ཆེད། 2020ལོར་ལྷ་ས་འགག་སྒོས“འབྲུག་འཕྱོ2020”ཡི་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་བ་མ་ཟད། ཕན་འབྲས་ཀྱང་བཟང་པོ་ཐོབ་ཡོད་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། 2020ལོར་ལྷ་ས་འགག་སྒོས་ཕྱིར་གཏོང་ནང་འདྲེན་ལྷུ་ཚིགས་ཁྲོད་ཤེས་བྱའི་བདག་དབང་ལ་བཙན་གནོད་བྱེད་པའི་དོགས་ཡོད་དངོས་ཟོག་ཁག་22དང་དངོས་ཟོག་སྣ་ཁ་6549ཞིབ་བཤེར་རྩད་ཆོད་ཐུབ་པར་རིན་གོང་སྒོར་ཁྲི་57.55ཟིན་གྱི་ཡོད།

ལྷ་ས་འགག་སྒོ་ཕྱོགས་བསྡུས་ལས་སྒོ་ཁྲུའུ་དང་པོའི་འགན་ཁུར་བས། ན་ནིང་ལྷ་ས་འགག་སྒོས“འབྲུག་འཕྱོ་2020”ཡི་ཆེད་དོན་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱས་ཏེ་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྦྲག་བསྐུར་ཐུམ་སྒྲིལ་དེ་རྡུང་རྡེག་བྱ་ཡུལ་གལ་ཆེན་ལ་བརྩིས་ཏེ་2020ལོར་སྦྲག་བསྐུར་བརྒྱུད་ནས་དབང་གནོད་དོགས་ཡོད་དངོས་ཟོག་ཁག་17ཞིབ་བཤེར་རྩད་ཆོད་ཐུབ་པ་དང་ཆབས་ཅིག ལྷ་ས་འགག་སྒོས་འགག་སྒོའི་ཁུལ་གྱི་རང་བརྟེན་ཤེས་བྱའི་བདག་དབང་ཁེ་ལས་གསོ་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཁོངས་གཏོགས་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་སུ་རྒྱ་ཁྱབ་ངང་བསྐྱོད་པ་དང་ཆེད་མི་མངགས་ཏེ་ཤེས་བྱའི་བདག་དབང་གི་འགག་སྒོ་སྲུང་སྐྱོང་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་སྒྲོག་འགྲེལ་བྱས་པ་བརྒྱུད་ཁེ་ལས་ཀྱི་ཤེས་བྱའི་བདག་དབང་གི་ད་ཡོད་གནས་ཚུལ་དང་རེ་བ་ཤེས་རྟོགས་གཏིང་ཟབ་བྱས་ནས། ཁེ་ལས་ཀྱི་ཤེས་བྱའི་བདག་དབང་གི་འགག་སྒོ་སྲུང་སྐྱོང་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་འགྲོ་རྒྱུར་ཁྲིད་སྟོན་བྱས་ཡོད།

བོད་ལྗོངས་སྤང་རྒྱན་མེ་ཏོག་བཟོ་ཚོང་ཚད་ཡོད་ཀུང་སིའི་འགན་ཁུར་བས“ལྷ་ས་འགག་སྒོའི་མཛུབ་ཁྲིད་འོག་ང་ཚོའི་ཀུང་སིས་ཁེ་དབང་འཛིན་མཁན་གྱི་ཐོ་འགོད་རེ་ཞུ་ལེགས་གྲུབ་བྱས་ཏེ་ཁེ་དབང་ལ་དེ་བས་ལེགས་པའི་འགན་ལེན་བྱུང་སོང”ཞེས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།