དུས་ཆེན་གཉིས་ཀྱི་སྐབས་སུ་བོད་ལྗོངས་ཀྱིས་གཞུང་ལམ་སྟེང་མི་ཐེངས63551སྐྱེལ་འདྲེན་བྱས།

0.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལུགས་རྙིང་ལོ་སར་དང་བོད་ལུགས་ལོ་སར་གྱི་རིང་ལ། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཕྱོགས་ཡོངས་ནས་གཞུང་ལམ་སྐྱེལ་འདྲེན་ཐད་ཤུགས་སྣོན་བྱས་པ་དང་། གཞུང་ལམ་བདེ་འཇགས་ཤར་སྐྱོད་སོགས་ཀྱི་ཞབས་ཞུའི་འགན་སྲུང་ལས་དོན་ལེགས་པོར་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་དུས་ཆེན་ཞིག་རོལ་བར་འགྲིམ་འགྲུལ་ཐད་ཀྱི་འགན་སྲུང་མཁོ་འདོན་བྱས། ཟླ2པའི་ཚེས11ནས་ཚེས20བར་བོད་ལྗོངས་ཡོངས་ཀྱིས་གཞུང་ལམ་སྐྱེལ་འདྲེན་ཐད་བསྡོམས་པས་འགྲུལ་སྐྱེལ་རླངས་འཁོར3828བཏང་སྟེ་རླངས་འཁོར་སྡོད་གནས87630ཡོད། གཞུང་ལམ་གྱི་སྐྱེལ་འདྲེན་བྱེད་ཚད་མི་ཐེངས63551ཟིན་པ་དེས་མང་ཚོགས་རྣམས་རྒྱུན་ལྡན་ངང་ཕྱིར་སྐྱོད་བྱེད་པར་འགན་སྲུང་ཡོག་པོ་བྱས། བསྡོམས་པས་ཤར་སྐྱོད་འགན་སྲུང་ལས་དོན་མི་སྣ་མི་ཐེངས1228ལྷག་རྩ་འཛུགས་བྱས་ནས་འཕྲུལ་ཆས464ལྷག་བཏང་བ་དང་། རོགས་སྐྱོབ་རླངས་འཁོར41དང་ལས་དོན་མི་སྣ87མངགས་ཏེ་གཞུང་ལམ་སྟེང་གི་ཁངས་དང་དར་གཙང་སེལ་བྱེད་ཚད་རྒྱ་དཔངས་གྲུ་བཞི་མ་སྨི6150སླེབས་པ་དང་། ཁེངས་ཞུ་བྱེད་ཀྱི་རྫས་རྒྱུ་ཏུན207གཏོར་ནས་གཞུང་ལམ་བདེ་འཇགས་དང་ཤར་གཏོང་ཐད་འགན་སྲུང་གང་ལེགས་བྱས་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།