ཉིང་ཁྲི་རྫ་ཡུལ་དུ་ལུག་གྲོད་ཤ་མོ་འདེབས་འཛུགས་ལས་གཞི་ལག་བསྟར་བྱས་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་།

82ba7dd3-8d92-4ecd-9e11-4de2544fe351.jpg

འདི་ནི་རྫ་ཡུལ་རྫོང་ཚ་བ་རོང་ཤང་ལུང་བུགས་གྲོང་ཚོའི་ལུག་གྲོད་ཤ་མོ་ལ་ལོ་ལེགས་བྱུང་བའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་གིས་གྲོང་གསེབ་དར་སྤེལ་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་བྱས་ཏེ་ལྗོངས་ཕྱིའི་ལག་རྩལ་ཤེས་ལྡན་མི་སྣ་གདན་དྲངས་ནས་ལུང་བུགས་གྲོང་ཚོ་དང་སྲང་ཐ་གྲོང་ཚོ་སོགས་གྲོང་ཚོ་དྲུག་ཏུ་ལུག་གྲོད་ཤ་མོ་འདེབས་འཛུགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཤིང་། མིག་སྔའི་བར་འདེབས་འཛུགས་གཞི་ཁྱོན་མུའུ111ལ་སླེབས་པ་དང་མུའུ་རེའི་ཐོན་ཚད་ཡོང་འབབ་སྔོན་དཔག་བྱས་ན་སྒོར6000ཡན་ཟིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།