རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་ལས་གནས་བརྟན་སྲུང་བྱས་ཏེ་གློག་མཁོ་འདོན་ལ་འགན་སྲུང་བྱས།

a62c075d-c705-4955-b0f7-8e81618ed79f.jpg

འདི་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཞིབ་བཤེར་ཉམས་གསོ་ཀུང་སིའི་ལས་བཟོ་བ་གཉིས་ཀྱིས་སྐོར་ཞིབ་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལུགས་རྙིང་ལོ་སར་དང་བོད་ལུགས་ལོ་སར་རིང་གློོག་ཤུགས་མཁོ་འདོན་ལ་འགན་སྲུང་བྱ་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཞིབ་བཤེར་ཉམས་གསོ་ཀུང་སིས་སྔོན་དུ་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། ལས་བཟོ་བ300ལྷག་སྐུལ་སློང་བྱས་ནས་དུས་ཆེན་རིང་ལས་གནས་བརྟན་སྲུང་གིས་གློག་མཁོ་འདོན་འགན་སྲུང་ལས་དོན་ཡག་པོ་བསྒྲུབས་ཤིང་། ལྗོངས་ཡོངས་ཀྱི་ཆན་ཧྥུའུ500ཡི་གློག་སྒྱུར་ས་ཚིགས9དང་ཆན་ཧྥུའུ220ཡི་གློག་སྒྱུར་ས་ཚིགས12དེ་བཞིན་ལྷ་སའི་བརྗེ་རྒྱུག་ས་ཚིགས་བཅས་སུ་གློག་བརྟན་བརླིང་བཏང་ནས་ལུགས་རྙིང་ལོ་སར་དང་བོད་ལུགས་ལོ་སར་གྱི་གློག་འགན་སྲུང་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་བ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།