བོད་ལྗོངས་ཀྱི་དངུལ་རྩའི་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་རྩའི་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་ཧུར་ཐག་དང་། དངུལ་རྩའི་དབུལ་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བོད་ལྗོངས་ཀྱི་ཚགས་འཛུགས་བྱང་སྒྲིག་ཁྱིམ་ཚང་དབུལ་བོ་དང་། ཡུལ་གཞན་གནས་སྤོར་ཁྱིམ་ཚང་། ཐོན་ལས་རྣམ་གྲངས་སོགས་ཀྱི་ཐད་ཆེད་དོན་སྲིད་ཇུས་བཏོན་ནས་རྒྱབ་སྐྱོར་བྱས་པས་བོད་ལྗོངས་ཀྱི་དབུལ་ཐར་འགག་སྒྲོལ་ལ་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་བྱས་ཤིང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

ཤིན་ཏུ་དབུལ་བོ་ཡིན་པའི་ས་ཁུལ་ལ་དམིགས་ཏེ་དངུལ་ཁང་གི་མགོ་གཙོ་ཡིས་ཤིན་ཏུ་དབུལ་བོ་ཡིན་པའི་རྫོང་ལ་ཆ་སྒྲིག་རོགས་སྐྱོར་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ནས་ཚགས་འཛུགས་བྱང་སྒྲིག་མང་ཚོགས་དབུལ་བོ་དང་མཉམ་ལས་ཁང་སོགས་ཀྱི་དངུལ་རྩའི་ཞབས་ཞུའི་དགོས་མཁོ་རིམ་བཞིན་དོན་འཁྱོལ་བྱེད་པ་དང་དུས་བཅད་ལྟར་གཞི་རིམ་དུ་བསྐྱོད་ནས་དྲིལ་བསྒྲགས་བྱེད་པ་སོགས་བརྗོད་དོན་གཙོ་བོའི་དངུལ་རྩའི་དབུལ་སྐྱོར་གྱི“ཡོངས་སུ་ཁྱབ་པ་བརྒྱད”ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་རྨང་གཞིའི་དངུལ་རྩའི་ཞབས་ཞུའི་ཁྱབ་རྒྱ་ཧུར་ཐག་སྒོས་ཆེ་རུ་བཏང་། 

རིམས་ནད་ཀྱི་ཤུགས་རྐྱེན་ཇེ་ཉུང་དུ་གཏོང་བ་དང་དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཆེད། དངུལ་ཁང་གིས་དབུལ་སྐྱོར་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་སོགས་ལ“6+1”སྦྲེལ་མཐུད་ཞབས་ཞུའི་རྩིས་ཁྲ་བཟོས་པ་དང་། “འབྲི་གཡག་གི་དངུལ་བུན”དང“ཕག་གི་དངུལ་བུན”སོགས་ཡིད་རྟོན་དངུལ་བུན་ཐོན་རྫས་བཏོན་ནས་ཁྱིམ་ཚང་དབུལ་བོ་དང་ཁེ་ལས་ཀྱི་ཐོན་སྐྱེད་འཕེལ་རྒྱས་མགྱོགས་མྱུར་སླར་གསོ་ཐུབ་རྒྱུར་རོགས་རམ་བྱས།

རྒྱུས་ལོན་བྱུང་བར་གཞིགས་ན། 2020ལོའི་ཟླ10པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་དངུལ་རྩའི་གནད་ཁེལ་དབུལ་སྐྱོར་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར1300.73ཟིན་པ་དེ2016ལོའི་དུས་མཉམ་ལས190%མང་དུ་ཕྱིན་ཡོད། དེས་ལྗོངས་ཡོངས་ཀྱི་དངུལ་བུན་ཁག་གི་གཞི་ཁྱོན་བསྡོམས་འབོར་གྱི26.04%བཟུང་ནས་རང་སྐྱོང་ལྗོངས་ལ་དབུལ་སྐྱོར་གནས་སྤོའི་མ་དངུལ90%ཡན་མཁོ་འདོན་བྱས་པ་དང་བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་གི་ཐོན་ལས་ཀྱི་གནད་ཁེལ་དབུལ་སྐྱོར་རྣམ་གྲངས་ལ་མ་དངུལ32%མཁོ་འདོན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།