ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི5ལས་བརྒལ་བ།

LOCAL202102221159000192668551941.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁོངས་སུ་དིང་རི་དང་། གཏིང་སྐྱེས། གཉའ་ལམ་དང་སྐྱིད་གྲོང་བཅས་རྫོང4ཡོད་པ་དང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི3.38ཟིན་ཡོད། ཉེ་བའི་ལོ་ཤས་རིང་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཇོ་མོ་གླང་མའི་སྲུང་སྐྱོབ་ཁུལ་གྱི་སྐྱེ་དངོས་རྩ་ཆེན་དང་རིགས་ཁྱུ་སྣ་ཚོགས་ཀྱི་གྲངས་འབོར་སླར་གསོ་བྱུང་ཡོད་པ་རེད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གསའ་ལ་དཔེ་བཞག་ནས་བཤད་ན། དོ་དམ་ཅུས་ཀྱིས་གསའ་འཚོ་གནས་བྱ་ཡུལ་གྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་ཧུར་ཐག་བྱས་པས། མིག་སྔར། པེ་ཅིན་ནགས་ལས་སློབ་ཆེན་གྱི་ཞིབ་འཇུག་བས་མཁོ་འདོན་བྱས་པའི་གཞི་གྲངས་ལྟར་ན། ཇོ་མོ་གླང་མའི་སྲུང་སྐྱོབ་ཁུལ་གྱི་གསའ་ཡི་གྲངས་འབོར192ནས267བར་སླར་གསོ་བྱུང་ཡོད།

LOCAL202102221157000351673007612.jpg

LOCAL202102221158000410712684082.jpg

ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང55165ལ་སླེབས་པ་དང་ནགས་ཚལ་ཁྱབ་ཚད14.85%ཟིན་ཡོད། སྲུང་སྐྱོབ་ཁུལ་གྱི་སྐམ་སའི་རི་སྐྱེས་སྒལ་རུས་ཅན་གྱི་སྲོག་ཆགས་རིགས491ལ་སླེབས་ཡོད།

LOCAL202102221158000064941687158.jpg

ཇོ་མོ་གླང་མའི་འདབས་ཀྱི་སྐྱེ་ཁམས་ཁོར་ཡུག་སྔར་བཞིན་ཉམས་ཞན་ཡིན་པ་དང་མིའི་རིགས་ཀྱི་བྱེད་སྒོ་ཆུང་ངུ་ཙམ་ལས་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་སྲིད་པས་ཇོ་མོ་གླང་མའི་སྐྱེ་ཁམས་སྲུང་སྐྱོང་ཐད་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ང་ཚོས་སེམས་ནུས་ཡོད་རྒུ་བཏོན་ནས་ཇོ་མོ་གླང་མའི་འདབས་ཀྱི་རྩྭ་དང་རྩི་ཤིང་ཐམས་ཅད་ལ་ལྟ་སྲུང་ལེགས་པོ་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།