ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་དང་བླངས་པའི་ཞབས་ཞུ་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆུ་མདའ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་རུ་ཁག་གིས་གྲོང་ཚོ་དང་ཁྱིམ་ཚང་རེ་རེར་ཕྱིན་ནས་ཁེར་སྡོད་བགྲེས་པོ་དང་གཞིས་སྲུང་བྱིས་པར་འཚམས་འདྲི་ཞུ་བའི་དང་བླངས་པའི་ཞབས་ཞུ་བྱ་འགུལ་སྤེལ། 

བྱ་འགུལ་ཁྲོད་བུད་མེད་དང་བླངས་པ་རྣམས་ཀྱིས་ལས་ཀ་གསལ་བོར་བགོས་ནས་ཁྱིམ་ནང་གི་གཙང་སྦྲ་གང་ལེགས་བྱས་པ་མ་ཟད། ཁོང་ཚོར“བུད་མེད་འཕེལ་རྒྱས་ལ་ཐུགས་ཁུར་དང་། བྱིས་པའི་འཚར་ལོངས་ལ་དོ་ཁུར”ཞེས་བྲིས་ཡོད་པའི་ཆར་གདུགས་དང་གསོལ་ཆས། དཔེ་ཁུག་སོགས་ཀྱི་དྲིལ་བསྒྲགས་དངོས་རྫས་དང་རིམས་འགོག་ཁ་ཐུམ100ལྷག་བྱིན་པ་རེད། 

ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆུ་མདའ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་རུ་ཁག་གི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། ཐེངས་འདིའི་དང་བླངས་པའི་ཞབས་ཞུ་བྱ་འགུལ་སྤེལ་བ་དེས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་རུ་ཁག་གི་འགན་ཁུར་ཚོར་བ་སྔར་ལས་ཤུགས་ཆེ་རུ་ཕྱིན་པ་ལས་གཞན། ཁེར་སྡོད་བགྲོས་པོ་དང་གཞིས་སྲུང་བྱིས་པ་དག་ལ་ཐུགས་ཁུར་དང་དྲོ་སྐྱིད་བསྐྱལ་བ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།