གཞིས་ཀ་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་ལས་རིགས་ཀྱིས་གནད་སྨིན་དབུལ་སྐྱོར་ལ་རྒྱབ་སྐྱོར་ནུས་ལྡན་བྱས་པ།

a04dcf41-7d6d-480f-b858-e25092573e80.jpg

འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་གདོང་མཆོང་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོག་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་འགོ་བཙུགས་ཚུན། མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁྱབ་ཁོངས་མང་པོར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པར་དོ་སྣང་བྱས་ཏེ། དངུལ་རྩས་གནད་སྨིན་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་པར་ཕན་འབྲས་ཡག་པོ་ཐོན་རྒྱུར་ཕྱོགས་ཡོངས་དང་ཡོངས་ཁྱབ་སྒོ་ནས་སྐུལ་འདེད་བཏང་བ་རེད།

གཞིས་རྩེ་གྲོང་ཁྱེར་གྱི་དངུལ་ཁང་ལས་རིགས་ཁག་གི་དངུལ་རྩའི་སྒྲིག་གཞིས་དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་སྲིད་ཇུས་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཤང་དང་། གྲོང་ཚོ། དུད་ཚང་བཅས་སུ་བསྐྱོད་ནས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། དབུལ་སྐྱོར་གྱི་དགོས་མཁོ་ཤེས་རྟོགས་དང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ཏེ་དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་དེ“དངུལ་བུན་གཏོང་ཐུབ་པ་དང། ཚུར་ལེན་ཐུབ་པ། ཕན་འབྲས་ཐོན་པ”བཅས་ཀྱི་རྩ་དོན་ལྟར་དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་དུད་ཚང་དབུལ་པོར་ཁྱབ་ཚད་100%ཟིན་པ་དང་། དུད་ཚང་ལ་དངུལ་བུན་གཏོང་ཚད་དེ་2016ལོའི་དུད་ཚང་2000ལྷག་ཙམ་ནས་རྗེས་སུ་ལོ་ལྟར་དུད་ཚང་10000བར་དང་། གཏོང་སྤྲོད་མ་དངུལ་དེ་2016ལོར་སྒོར་དུང་ཕྱུར་མ་ཟིན་པ་ནས་རྗེས་སུ་ལོ་ལྟར་དུང་ཕྱུར་4ཡན་རྒྱུན་འཁྱོངས་ཐུབ་པའི་བར་འཕེལ་རྒྱས་བྱུང་བ་རེད།

གཞིས་རྩེ་གྲོང་ཁྱེར་གྱི་དངུལ་ཁང་ལས་རིགས་ཁག་གི་དངུལ་རྩའི་སྒྲིག་གཞིས་ཐོན་ལས་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་གཙོ་རྒོལ་་ཁ་ཕྱོགས་སུ་བརྩིས་ནས། ཕྱོགས་ཡོངས་ནས་དངུལ་རྩས་ཐོན་ལས་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་པར་རམ་འདེགས་བྱས་པ་རེད། ཆ་སྙོམས་ལོ་ལྟར་དངུལ་བུན་ཐེངས་31བཏང་བར་དངུལ་འབོར་སྒོར་དུང་ཕྱུར་3ཟིན་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱི་དངུལ་ཁང་ལས་རིགས་ཁག་གི་དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱས་ཏེ། ཡིད་རྟོན་དངུལ་བུན་ཚོང་གཉེར་ཐབས་ཇུས་ལེགས་སྒྲིག་དང་ཡིན་རྟོན་དངུལ་བུན་གྱི་གྲུབ་ཆ་འཐུས་སྒོ་ཚང་དུ་བཏང་ནས། རྣམ་གྲངས་དབུལ་སྐྱོར་གྱིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་གང་ལེགས་བཏོན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རང་བརྟེན་ནུས་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་རེད།

གཞིས་རྩེ་གྲོང་ཁྱེར་གྱི་དངུལ་ཁང་ལས་རིགས་ཁག་གི་དངུལ་རྩའི་སྒྲིག་གཞིས་ཞིང་འབྲོག་ཁུལ་གྱི་རིགས་ཁག་གི་གཉེར་སྐྱོང་བྱེད་པོ་གསར་པར་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཉེར་སྐྱོང་བྱེད་པོ་ཁྱབ་རྒྱ་ཆེ་བ་དང་དུད་ཚང་དབུལ་པོར་སྐུལ་ཁྲིད་བྱེད་པའི་ཕན་འབྲས་མངོན་གསལ་དོད་པས། ཡིད་རྟོན་དངུལ་བུན་གྱིས་ཞིང་འབྲོག་ཁུལ་གྱི་རིགས་ཁག་གི་གཉེར་སྐྱོང་བྱེད་པོ་གསར་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།