རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རྫོང་གི་འཕོ་འགྱུར།

༡.jpg

འདི་ནི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོའི་ཁྱིམ་ཚང་ཞིག་གིས་རང་ཁྱིམ་གྱི་སྒོ་འགྲམ་དུ་དྲན་རྟེན་འདྲ་པར་ལེན་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་གཉིས་རྫོང་ནི་མཚེའུ་ཡི་མིང་ས་མིང་ཏུ་ཐོགས་པ་ཡིན་ལ། མཛེས་ཤིང་ཡིད་དུ་འོང་བས་མི་རྣམས་ཧང་སངས་དགོས་པ་ཞིག་དང་། ས་བབ་མཐོ་བས་མི་རྣམས་ལ་སྐྲག་སྣང་བསྐྱེད་པ། དཀའ་སྡུག་ཆེ་བས་མི་ལ་མཆི་མ་དབང་མེད་ཤོར་དུ་འཇུག་ཐུབ།

༢.jpg

འདི་ནི་མཚོ་གཉིས་རྫོང་མཁར་གྱི་རྣམ་པ་རེད།

ཆ་སྙོམས་ས་བབ་མཐོ་ཚད་སྨི5000ལྷག་ཙམ་ཟིན་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ནི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་ཡིན་པ་དང་། མཁའ་རླུང་ནང་གསོ་རླུང་འདུས་ཚད་དེ་ཐང་གཞོང་གི40%ལས་ཟིན་གྱི་མེད་པ་དང་། མི་རེའི་ཆ་སྙོམས་ཚེ་ཚད་ལོ58ཙམ་ལས་མེད་ལ། ལོ་རེར་རིམ་པ8ཡན་གྱི་རླུང་འཚུབ་ཆེན་པོའི་ཉིན་གྲངས200ཡན་ཟིན་ཡོད།

༣.jpg

འདི་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བར་གནས་པའི་འབུར་ལུག་སྒང་འཁྱགས་རོམ་རེད།

༤.jpg

འདི་ནི་ཉི་མ་ནུབ་ཁའི་འབུར་ལུག་སྒང་འཁྱགས་རོམ་གྱི་ཟུར་ཞིག་རེད།

༥.jpg

འདི་ནི་ཡུལ་གཞན་དུ་གནས་སྤོ་བའི་ལམ་བུར་གྱི་མཚོ་གཉིས་རྫོང་གི་འབྲོག་པ་རེད།

༦.jpg

འདི་ནི་བོད་བྱང་ཐང་དུ་ཡོད་པའི་དགོ་བ་རེད།

2018ལོའི་ཟླ4པར་མ་དངུལ་སྒོར་དུང་ཕྱུར12.7བཏང་བའི་མཚོ་གཉིས་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དང་། 2019ལོའི་ཟླ12པར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར6བཏང་ནས་མཚོ་གཉིས་རྫོང་ལ་རྒྱལ་ཁབ་གློག་དྲའི་དྲ་བ་གཙོ་བོ་སྦྲེལ་མཐུད་བྱས་ཤིང་། 2019ལོའི་ལོ་མཇུག་ཏུ་མཚོ་གཉིས་རྫོང་གི་དབུལ་ཞྭ་ཕུད་པ་རེད།

༧.jpg

འདི་ནི་བོད་བྱང་ཐང་གི་འབྲོང་རེད། 

༨.jpg

འདི་ནི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོའི་ཁྲོམ་གཞུང་རེད།

༩.jpg

འདི་ནི་མཚེའུ་གཉིས་རྫོང་ནས་གནས་སྤོ་བྱས་པའི་འབྲོག་པ་རྣམས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོའི་ཁྲོམ་གཞུང་དུ་བསྐྱོད་པའི་ཚུལ་རེད།

དུས་རབས20པའི་ལོ་རབས70པར་རྩྭ་ཕྱུགས་ཀྱི་འགལ་བ་ལས་ཐོན་པའི་འཚོ་གནས་ཀྱི་གནད་དོན་ཞི་ལྷོད་དུ་གཏོང་ཆེད། མི་མེད་ལུང་སྟོང་དུ་འཚོ་གནས་ཀྱི་གོ་སྐབས་འཚོལ་ཞིབ་བྱས་ཏེ་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་དེ་བྱང་ཕྱོགས་སུ་སྤྱི་ལེ300ལྷག་ཙམ་གྱི་སར་གནས་སྤོར་བྱས་པ་དང་མཚོ་གཉིས་སུ་ཁྱིམ་ཚང་གསར་པ་བཙུགས་པ་རེད། 2012ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་གཉིས་རྫོང་འཛུགས་རྒྱུའི་མཆན་བཀོད་བཀའ་ལན་གནང་བ་རེད།

༡༠.jpg

འདི་ནི་སྡོད་ཁང་དུ་མ་སྤོས་གོང་གི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོའི་ཟུར་ཞིག་རེད།

རྩྭ་ཕྱུགས་ཀྱི་འགལ་བ་ལས་ཐོན་པའི་འཚོ་གནས་གནད་དོན་ཐག་གཅོད་ཐུབ་མོད། འོན་ཀྱང་ས་བབ་མཐོ་ལ་གསོ་རླུང་མི་འདང་བ་དང་ཐག་རིང་ལུང་ཁུག་ཏུ་གནས་པར་བརྟེན་འཐུང་ཆུ་དཀོན་པ་དང་། སློབ་གྲྭར་འགྲོ་དཀའ་བ། ནད་གཞི་བཅོས་དཀའ་བ། ཕྱིར་སྐྱོད་སྟབས་བདེ་མིན་པ་བཅས་ཀྱི་གནད་དོན་གྱིས་མཚོ་གཉིས་རྫོང་གི་ལས་བྱེད་མང་ཚོགས་ཀྱི་འཚོ་བར་འགལ་རྐྱེན་བཟོས་ཡོད་ཅིང་། རྫོང་ཡོངས་སུ་དབུལ་པོ་བྱུང་ཚད35%ཡན་ལ་སླེབས་ཡོད།

“མཚོ་གཉིས་རྫོང་གི་རྒྱ་ཁྱོན་གྱི་ཕྱེད་ཀ་ཡན་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡོད་པ་དང་། རྩྭ་ར་དེ་ལོ་རེར3%ནས5%བར་ཀྱི་མྱུར་ཚད་ཀྱིས་ཉམས་ཞན་དུ་འགྲོ་བཞིན་ཡོད། ”ཅེས་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཛོམས་དགའ་ཡིས་འགལ་རྐྱེན་གཞན་ཞིག་གླེང་བྱུང་།

༡༡.jpg

འདི་ནི་མཚོ་གཉིས་རྫོང་གི་མི་མེད་ལུང་སྟོང་ཁུལ་དུ་ཡོད་པའི་རྐྱང་རེད།

2018ལོར་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་འཆར་འགོད་ལག་བསྟར་བྱ་རྒྱུ་ཐག་གཅོད་བྱས་པ་རེད། 2019ལོའི་ལོ་མཇུག་ཏུ་མཚོ་གཉིས་རྫོང་གི་འབྲོག་པ་སྐོར་དང་པོ་ལྷོ་ཕྱོགས་སུ་གནས་སྤོ་བྱས་ཏེ་ས་བབ་སྨི1000ལྷག་ཙམ་མར་ཆག་པའི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོར་སླེབས་པ་རེད།

༡༣.jpg

འདི་ནི་ལག་རྩལ་པས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོའི་གྲོང་མིར་ཀུ་ཤུའི་སྡོང་བོ་བདག་སྐྱོང་བྱེད་སྟངས་ཁྲིད་སྟོན་བྱེད་བཞིན་པ།

༡༤.jpg

འདི་ནི་ཆ་སྙོམས་ས་བབ་མཐོ་ཚད་སྨི5000ལྷག་ཙམ་ཡོད་པའི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གི་ཟུར་ཞིག་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།