ལྷ་ས་གྲོང་ཁྱེར་གྱིས་གྲང་ཕྲེང་བཟའ་བཅའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲལ་བཤེར་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་བསྟར་མི་སྣ་སྒྲིག་འཛུགས་བྱས་ཏེ། ལྕགས་པོ་རིའི་ཞིང་ཟོག་ཁྲོམ་ར་དང་སྐུ་ལྷ་དར་གདོང་སྤུས་ལེགས་ཐོན་ཟོག་སྒོ་རྩིས་ཚོང་ཁང་བར་སྐོར་ཚོང་གྲོང་གི་གྲང་ཕྲེང་བཟའ་བཅར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཞིབ་བཤེར་བྱས་པ་རེད།

ལྕགས་པོ་རིའི་ཞིང་ཟོག་ཁྲོམ་རར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་བསྟར་མི་སྣས་དང་ཐོག་ཁྲོམ་ར་དེའི་གྲང་ཕྲེང་མཛོད་ཁང་གི་ནང་འདྲེན་དང་ཕྱིར་གཏོང་གི་ཟིན་ཐོའི་རྩིས་ཁྲ་དང་། ཉིང་སྐྱུར་བརྟག་དཔྱད་སྙན་ཞུའི་ཟིན་ཐོ། ཁུངས་འདེད་ཐོ་འགོད་དཔང་འཛིན་དང་དུག་སེལ་དཔང་རྟགས་བཅས་ལ་ཞིབ་བཤེར་བྱས་པ་དང་དེ་རྗེས་ཁྲོམ་རའི་གྲང་ཕྲེང་བཟའ་བཅའ་ཚོང་མཁན་གྱི་ཉིང་སྐྱུར་བརྟག་དཔྱད་སྙན་ཞུའི་ཟིན་ཐོ་སོགས་ལ་ཞིབ་བཤེར་བྱས་པ་རེད།

2020ལོའི་ཟླ་11པའི་ཟླ་དཀྱིལ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ནང་འདྲེན་སྲོག་ཆགས་ཀྱི་ཐོན་ཟོག་འདྲེན་མཚམས་བཞག་པ་དང་། མཛོད་ཉར་བྱས་པའི་ནང་འདྲེན་སྲོག་ཆགས་ཀྱི་ཐོན་ཟོག་ཚང་མར་ཉིང་སྐྱུར་བརྟག་དཔྱད་ཀྱི་གོ་ཆོད་སྙན་ཞུ་མཁོ་འདོན་བྱས་རྗེས་གཞི་ནས་ཕྱིར་ཚོང་བྱེད་ཆོག་གི་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་ཁག་དང་གྲང་ཕྲེང་བཟའ་བཅའི་ཁེ་ལས་200ལྷག་ཙམ་ལ་ཉོ་སྒྲུབ་ཐོ་འགོད་སྙན་ཞུའི་ལམ་ལུགས་དང་། གྲང་མཛོད་ཐོ་འགོད་ལམ་ལུགས། བཟའ་བཅའི་ཁུངས་འདེད་ལམ་ལུགས། ཞིབ་བཤེར་བྱེད་དགོས་རིགས་ལ་ཞིབ་བཤེར་བྱེད་པའི་ཉིང་སྐྱུར་བརྟག་དཔྱད་བླང་བྱ་དང་གྲང་ཕྲེང་བཟའ་བཅའི་ཉེན་ཁ་ལྟ་འདོམས། རིམས་འགོག་དུག་སེལ། མི་སྣའི་འགོག་སྲུང་བཅས་དོན་འཁྱོལ་བླང་བྱ་ཁག་6བཏོན་ནས་གྲང་ཕྲེང་བཟའ་བཅའི་བདེ་འཇགས་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་བརྒྱབ་ཐོག གྲང་ཕྲེང་བཟའ་བཅའི་རིམས་ནད་ཀྱི་ཉེན་ཁ་འགོག་ཟོན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།