ལྷོ་ཁ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོར་རོགས་རམ་ཧུར་ཐག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོའི་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དམིགས་ནས། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་དང་བེད་སྤྱོད་ཧུར་ཐག་བྱེད་པ་དང་། བཟོ་ཚོགས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་ཚོགས་སྤྱིའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ནས། གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོར་རོགས་རམ་ཧུར་ཐག་བྱས་པ་རེད།

ལས་ཞུགས་ལ་བརྟེན་པ་དང་མི་སྤྱི་སྡེ་ཚན་དང་སྦྲེལ་མཐུད་བྱས་ནས་ལས་ཞུགས་ཀྱི་འཇོན་ཐང་ལྡན་པ་དང་ལས་ཞུགས་ཀྱི་འདོད་མོས་ཡོད་མཁན་ཁྱིམ་ཚང་ལ་ལས་ཞུགས་ཐུབ་པ་བྱས་ཏེ། མིག་སྔའི་བར་དུད་ཚང་16གི་མི་18ལས་ཞུགས་ཐུབ་པ་བྱས་པ་དང་མཐོ་སློབ་སློབ་ཐོན་སློབ་མ་7བསྡུས་ནས་བཟོ་ཚོགས་ཀྱི་སྤྱི་ཚོགས་ལས་དོན་པའི་འགན་འཁུར་དུ་བཅུག་ཡོད། སྨན་བཅོས་འགན་བཅོལ་ལ་བརྟེན་པ་དང་སྨན་བཅོས་འགན་བཅོལ་སྡེ་ཚན་དང་སྦྲེལ་མཐུད་བྱས་ནས་ལོངས་སུ་སྤྱོད་ཆོག་རུང་འབྲེལ་ཡོད་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་མེད་པའི་ཡིག་ཚགས་བཟོས་པའི་དཀའ་ངལ་ཡོད་པའི་ལས་བཟོ་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་ནང་བཅུག་པ། སློབ་སྐྱོར་རོགས་སྐྱོབ་ལ་བརྟེན་པ་དང་སློབ་གསོའི་སྡེ་ཚན་དང་སྦྲེལ་མཐུད་བྱས་ནས་ཡིག་ཚགས་བཟོས་པའི་དཀའ་ངལ་ཡོད་པའི་ལས་བཟོའི་བུ་ཕྲུག་གི་སློབ་གསོ་སློབ་སྐྱོར་ཐད་ཞིབ་དཔྱད་བྱས་ནས། སློབ་སྐྱོར་གྱི་ཆ་རྐྱེན་ལྡན་པའི་དཀའ་ངལ་ཡོད་པའི་ལས་བཟོའི་བུ་ཕྲུག་ཚང་མ་རོགས་སྐྱོབ་མིང་ཐོའི་ནང་བཅུག་སྟེ། མིག་སྔའི་བར་སློབ་སྐྱོར་མ་དངུལ་སྒོར་ཁྲི་133.37བཏང་ནས་དཀའ་ངལ་ཡོད་པའི་སློབ་མ་482ལ་རོགས་སྐྱོབ་བྱས་ཡོད། སྡོད་ཁང་འགན་ལེན་ལ་བརྟེན་པ་དང་སྡོད་ཁང་འཛུགས་སྐྲུན་ཅུས་དང་སྦྲེལ་མཐུད་བྱས་ནས། སྡོད་ཁང་གི་དགོས་མཁོ་ཡོད་པའི་ཡིག་ཚགས་བཟོས་པའི་དཀའ་ངལ་ཡོད་པའི་ལས་བཟོས་བོགས་དངུལ་ཕྲན་བུ་སྤྲད་ནས་ཁང་པ་གཡར་བའམ་ཡང་ན་ཁང་པ་གཡར་བའི་ཁ་གསབ་ལོངས་སུ་སྤྱོད་ཐུབ་པ་དང་། མིག་སྔའི་བར་དཀའ་ངལ་ཡོད་པའི་ལས་བཟོ་3ལ་སྡོད་ཁང་བོཌ་གཏོང་ཁ་གསབ་བརྩོན་ལེན་བྱས་པས་ཁོང་ཚོས་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་བོགས་དངུལ་ཕྲན་བུ་སྤྲད་ནས་ཁང་པ་གཡར་བའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། སྤྱི་ཚོགས་རོགས་སྐྱོབ་ལ་བརྟེན་པ་དང་དམངས་སྲིད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས། སྤྱི་ཚོགས་རོགས་སྐྱོབ་ཀྱི་ཆ་རྐྱེན་ལྡན་པའི་དུད་ཚང་14ཡི་བསྙེན་བཀུར་མི་སྣ་22གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཁོངས་སུ་བཅུག་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།