བོད་ལྗོངས་ཀྱིས་དྲ་ཐོག་ནས་རྟ་རྩལ་འཁྲབ་སྟོན་ཐེངས་དང་པོ་སྤེལ་བ།

64c87f74-763f-4551-96fa-6f857576c1ed.jpg

73b3914f-0099-4342-9e61-4dc63e3ce576.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས14ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱིས་དྲ་ཐོག་ནས་རྟ་རྩལ་འཁྲབ་སྟོན་ཐེངས་དང་པོ་སྤེལ་བ་དེ་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་སྨྱན་བྱད་གསར་པའི་ལས་སྟེགས་སུ་བདེ་བླག་ངང་ཐད་གཏོང་བྱས་པ་རེད། དེས་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་བཀོད་འདོམས་ལག་བསྟར་དོན་འཁྱོལ་བྱས་ཡོད་པ་མ་ཟད། ལྗོངས་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་དུས་ཆེན་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ལ། ད་དུང་བོད་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་སྲུང་སྐྱོང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱི་ཕྱོགས་སུ་འགྲེམས་སྟོན་ལེགས་པོ་བྱས་ཡོད། 

45433a49-007d-4e28-bda0-5012b4de945d.jpg

eb94d776-a22a-4d48-9682-135bd5fbd313.jpg

བསྡོམས་རྩིས་བྱས་པར་གཞིགས་ན། བརྙན་ལམ་ཐད་གཏོང་བྱེད་རིང་རྒྱལ་ཡོངས་ཀྱི་དྲ་གྲོགས་ཁྲི5ལྷག་ཙམ་གྱིས་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་སྤྱོད་སྣེ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་སྐད་འཕྲིན་སྤྱི་སྟེགས། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཤིན་ལང་པོད་ཕྲན། བོད་ལྗོངས་ཡོངས་བསྒྲགས་ཀྱི་སྐད་འཕྲིན་སྤྱི་སྟེགས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་བྱད་ཀྱི་སྐད་འཕྲིན་སྤྱི་སྟེགས། བོད་ལྗོངས་ཚོང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་སོགས་ནས་རྟ་རྩལ་འཁྲབ་སྟོན་ལ་བལྟས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།