བོད་ལྗོངས་ཉིང་ཁྲིས་ཁམ་བུའི་མེ་ཏོག་གི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པ།

༡.jpg

འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་མངའ་ཁོངས་སུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ཞིང་སྡེའི་ཡུལ་ལྗོངས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིང་ཁྲི་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཡར་ཀླུང་གཙང་པོའི་དབུས་སྨད་རྒྱུད་དུ་གནས་པ་དང་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི3100ཡོད། དཔྱིད་མགོ་སླེབས་པའི་ཚེ་རི་ཀླུང་ཀུན་ཏུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ་དང་ནམ་མཁའ་དང་། སྤྲིན་དཀར། གངས་རི། འཁྱགས་རོམ་བཅས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་ཆགས་ཡོད། ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་ཁམ་བུའི་མེ་ཏོག་གི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བས། ས་མཐོར་མཛེས་སྡུག་སྐྲུན་པ་དང་མང་ཚོགས་ཕྱུག་འགྱུར་འབབ་འཕར་བྱུང་བ་རེད།

2002ལོར་ཉིང་ཁྲི་གྲོང་ཁྱེར་གྱིས“ཁམ་བུའི་མེ་ཏོག་དུས་ཆེན”གྱི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་སྐྲུན་མགོ་ཚུགས་པ་དང་། ཀ་ལ་རང་བྱུང་གྲོང་ཚོའི་མུའུ་བརྒྱ་ཡི་ཁམ་བུའི་ནགས་དེ་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་ཡུལ་གྱི་གདམ་ག་དང་པོར་གྱུར་བ་རེད།

༢.jpg

འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་ཟུར་ཞིག་རེད།

ལོ་ངོ20ལྷག་ཙམ་རིང་འཕེལ་རྒྱས་བཏང་བ་བརྒྱུད། འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་ཟིན་པ་དང་ཡུལ་སྐོར་ཕྱོགས་བསྡུས་རྣམ་པའི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་ནས་གྲོང་ཚོའི་རྣམ་པར་འཕོ་འགྱུར་ཆེན་པོ་བྱུང་ཡོད། དེ་དང་འདྲ་བར་སྨན་གླིང་རྫོང་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོ་ཡང་འཕེལ་རྒྱས་ཀྱི་གོ་སྐབས་དང་འཕྲད་ཡོད་པ་སྟེ། གནམ་ལྕགས་འབར་བ་དང་ཀྱག་ཀྱོག་ཏུ་བཞུར་བའི་ཡར་ཀླུང་གཙང་པོ། ལེ་དབར་བཅུའི་ཁམ་བུའི་ནགས་བཅས་ནི་ཡུལ་སྐོར་བ་ཚོས་མེ་ཏོག་ལ་བལྟ་བ་དང་གཟིགས་སྐོར་བྱེད་པའི་ཞིང་ཁམས་སུ་གྱུར་ཡོད། ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། ཟུར་གསུམ་གྲོང་ཚོའི་ཁྱིམ་ཚང39ཡིས་ཁྱིམ་ཚང་མགྲོན་ཁང་དང་སྤུས་ལེགས་མགྲོན་ཁང25གཉེར་ནས་ཞག་སྡོད་དང་བཟའ་བཏུང་གཙོ་བོར་བྱེད་པའི་ཁམ་བུའི་མེ་ཏོག་གི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད།

༣.jpg 

འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ནས་པར་བླངས་པའི་ཞིང་སྡེའི་ཡུལ་ལྗོངས་རེད།

2016ལོར་ཕད་གྲོང་རྡལ་ནས་ཟུར་གསུམ་གྲོང་ཚོའི་བར་གཞུང་ལམ་ཤར་གཏོང་ཐུབ་པ་དང་ལོ4ཡི་རིང་ཟུར་གསུམ་གྲོང་ཚོའི་ཁྱིམ་ཚང་ཚང་མས་ཟོག་འདྲེན་རླངས་འཁོར་དང་རླངས་འཁོར་ཆུང་བ་ཉོས་ནས་ཁྱིམ་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི20ཡན་བྱུང་བ་རེད། འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཕན་པ་ཐོབ་པས་ཟུར་གསུམ་གྲོང་ཚོ་ཡིས་བགྲོད་ལམ་དང་བཙོག་དངོས་འབུད་པའི་མ་ལག་སོགས་འཛུགས་སྐྲུན་རྒྱ་ཆེར་བྱས་པ་རེད། རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་མཐོ་རུ་བཏང་བ་དང་ཆབས་ཅིག་ཏུ་མང་ཚོགས་ཀྱིས་ཞབས་ཞུའི་ཆུ་ཚད་ལ་སྔར་བས་མཐོང་ཆེན་བྱས་ཏེ་ལོ་རེར་བཟའ་བཏུང་ངམ་མགྲོན་ཁང་གི་ཞབས་ཞུའི་གསོ་སྦྱོང་ཐེངས་གཉིས་སྒྲིག་འཛུགས་བྱས་ཡོད།

༤.jpg

འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོའི་ཟུར་ཞིག་རེད།

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཆུ་དང་། གློག བགྲོད་ལམ། དྲ་བ་སོགས་མཐོར་འདེགས་ལས་གཞི་ཁག་བཅུ་ལ་དམིགས་ཏེ་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་ནུས་ལྡན་ངང་གསབ་ནས་གྲོང་གསེབ་ཚང་མར་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། བུ་བཅོལ་ཁང་དང་། འཕྲོད་བསྟེན་ཁང་། གྲོང་མིའི་བྱེད་སྒོ་ལྟེ་གནས་སོགས་སྤྱི་པའི་སྒྲིག་བཀོད་ཚང་མ་འཛོམས་ཡོད། ཕྲུ་གུ་ཐག་ཉེ་སའི་སློབ་གྲྭར་འགྲོ་བ་དང་རྒན་རྒོན་སྨན་པར་སྟོན་པ། ན་གཞོན་ངལ་རྩོལ་ནུས་ཤུགས་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་པའམ་ཡང་ན་ཕྱིར་གླ་པར་སྐྱོད་པ་སོགས་ཀྱི་ཐད་སྟབས་བདེ་བཟོས་ཡོད། ཏང་གི་སྲིད་ཇུས་བཟང་པོས་སྔོན་ཆད་ལྷིང་འཇགས་ཀྱི་ཀ་ལ་གྲོང་ཚོར་གསོན་ཤུགས་ཚད་མེད་སྦྱིན་ཡོད།

༥.jpg

འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོའི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ཞིང་སྡེའི་ཡུལ་ལྗོངས་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།