ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལུགས་རྙིང་ལོ་གསར་དང་བོད་ལུགས་ལོ་གསར་གཉིས་ཉིན་གཅིག་ལ་འཁེལ་ཡོད་པས་བོད་ལྗོངས་ཀྱི་ས་ཆ་སོ་སོ་རུ་དུས་ཆེན་གྱི་དགའ་སྤྲོའི་རྣམ་པས་ཁེངས་ཡོད་ལ། བོད་བྱང་ཐང་འདམ་གཞུང་རྫོང་གི་འབྲོག་པ་མང་ཚོགས་རྣམས་ཀྱིས་ཀྱང་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས་དགའ་སྤྲོའི་ངང་ལོ་གསར་ལ་རོལ་པ་དེས་ཕྱུག་པོར་ཆགས་རྗེས་ཀྱི་བདེ་སྐྱིད་འཚོ་བ་མངོན་པར་མཚོན་ཡོད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
བོད་བྱང་ཐང་གི་འབྲོག་པ་མང་ཚོགས་རྣམས་ཀྱིས་གཟབ་མཆོར་སྤྲས་ནས་ལོ་གསར་རོལ་པ།