བོད་ལྗོངས་ཀྱི2020ལོར་ཁྲལ་འཕྲི་ཡོན་གཅོག་གི་སྒོར་དུང་ཕྱུར49ལས་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས7ཉིན། ཀྲུང་གོ་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཚའོ་ཅེ་ཧྥེང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་རྒྱུར། ཚོད་རྩིས་བྱས་ན། 2020ལོརབོད་ལྗོངས་ཀྱིས་ཁྲལ་འཕྲི་ཡོན་གཅོག་བྱས་པསྒོར་དུང་ཕྱུར49ལས་བརྒལ་བ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ལྗོངས་ཡོངས་སུ་ཁྲལ་འཕྲི་ཡོན་གཅོག་བྱས་པ་སྒོར་དུང་ཕྱུར1051ལས་བརྒལ་ཡོད། ཁྲལ་འཕྲི་ཡོན་གཅོག་གི་སྲིད་ཇུས་རབ་དང་རིམ་པས་ཁེ་ལས་ཀྱི་ཁྲལ་གྲོན་ཁུར་པོ་ཇེ་ཡང་དུ་བཏང་བ་དང་ཚོང་རའི་གཙོ་གཞིའི་གསོན་ཤུགས་ལ་སྐུལ་སྤེལ་བཏང་ཡོད། 

བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་བསྟན་དོན། རིམས་ནད་ཀྱི་རྒྱབ་ལྗོངས་འོག 2020ལོར་བོད་ལྗོངས་ཀྱི་དཔལ་འབྱོར7.8%འཕར་བ་དང་། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར1900ལས་བརྒལ་ཞེས་འཁོད་ཡོད། ཐེངས་འདིའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་བསྟན་དོན།  2020ལོར་བོད་ལྗོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་ཀྱིསGDPཡི19%ཟིན་པ་དང་། དེ2019ལོ་ལས་བརྒྱ་ཆའི་གྲངས3.4ཙམ་ཆག་ཅིང་ཁེ་ལས་ཀྱི་ཁྲལ་གྲོན་ཁུར་པོ་སྔར་ལས་ཇེ་ཡང་དུ་སོང་ཡོད། 

ཚའོ་ཅེ་ཧྥེང་གིས་བཤད་རྒྱུར། 2020ལོར་བོད་ལྗོངས་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར360.97བསྡུས་པ་དང་དུས་མཚུངས་ལས4.8%ཆག་ཡོད། པྲོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་འཕར་ཚད་དེ2020ལོའི་ཟླ5པར་ཇེ་དམའ་རུ་སོང་རྗེས་ཟླ་བདུན་ལ་བསྟུད་མར་བསྐྱར་འཕར་བྱུང་བ་དེས་བོད་ལྗོངས་ཀྱི་དཔལ་འབྱོར་བསྐྱར་དར་གྱི་རྣམ་པ་མཚོན་ཡོད། 

ཅུས་དེའི་ཡོང་འབབ་འཆར་འགོད་ཞིབ་རྩིས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་བཀྲ་ཤིས་མེ་ཏོག་གིས་ངོ་སྤྲོད་བྱེད་རྒྱུར། 2020ལོར་བོད་ལྗོངས་ཀྱིས་ཁྲལ་འཕྲི་ཡོན་གཅོག་བྱས་ནས་ཁྲོམ་རའི་གཙོ་གཞིའི་དཀའ་ངལ་སེལ་རོགས་བྱས་པ་དང་། དཔལ་འབྱོར་སླར་གསོ་རང་བཞིན་གྱི་འཕར་བར་སྐུལ་འདེད་བཏང་ཡོད། སྔོན་དཔག་བྱས་ན་དེའི་ནང་སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་ཁྲལ་འཕྲི་ཡོན་གཅོག་བྱས་པ18%ཟིན་ལ་བོད་ལྗོངས་ཀྱི་ཕན་ཁེ་ཐོབ་པ་ཆེ་ཤོས་ཀྱི་ལས་རིགས་ཡིན། དམངས་གཉེར་དཔལ་འབྱོར་གྱིས82%ཟིན་ནས་ཕན་ཁེ་མངོན་གསལ་ཐོབ་ཡོད། 

ཕྱི་ཕྱོགས་ཚོང་དོན་ལ་རྒྱབ་སྐྱོར་བྱེད་པའི་ཐད། 2020ལོར་བོད་ལྗོངས་ཁྲལ་དོན་གྱིས་དམངས་ལ་སྟབས་བདེ་བའི་ཁྲལ་གཉེར་བྱ་ཐབས་ཟམ་མི་ཆད་པར་བཏོན་པ་དང་། ཕྱིར་གཏོང་ཁྲལ་སློག་གཉེར་སྒྲུབ་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས་རྒྱུན་གཏན་གྱི་ཁྲལ་སློག་ལས་སྒོ་གཉེར་སྒྲུབ་ཀྱི་ཆ་སྙོམས་དུས་ཚོད2019ལོ་ལས20%ཇེ་མགྱོགས་སུ་བཏང་ཡོད། ལོ་ཧྲིལ་པོར་ཕྱིར་གཏོང་ཁྲལ་སློག་བྱས་པ་སྒོར་ཁྲི5380ལ་སླེབས་ནས་ཁེ་ལས་ཀྱི་མ་དངུལ་གྱི་གནོན་ཤུགས་ནུས་ལྡན་ངང་ཞི་ལྷོད་དུ་བཏང་སྟེ་ཕྱི་ཕྱོགས་ཚོང་དོན་བརྟན་བརླིང་ངང་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།