ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་འབྲེལ་མཐུད་དྲ་བ་མཐུད་པ།

LOCAL202102071034000480195949870.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི(ལྷ་ཉིང་ལྕགས་ལམ)ཉིང་ཁྲིའི་འབབ་ཚུགས་སུ་འབྲེལ་མཐུད་དྲ་བ་མཐུད་པའི་བྱ་བ་ལེགས་འགྲུབ་བྱུང་བ་དེས་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་སྦྲེལ་མཐུད་དྲ་བ་མཐུད་ཐུབ་པ་མཚོན་ཡོད་ལ། དུས་བཅད་ལྟར་མེ་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

ལྷ་ཉིང་ལྕགས་ལམ་གྱི90%ཡན་གྱི་ལམ་དུམ་ནི་སྨི3000ཡན་གྱི་ས་བབ་མཐོ་བའི་ས་ཁུལ་དུ་གནས་ཤིང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་ཡིན་ལ། ལམ་ཐིག་ཧྲིལ་པོའི་བགྲོད་ལམ་ཁོར་ཡུག་རྙོག་འཛིང་ཆེ་བ་དང་། རང་བྱུང་ཁོར་ཡུག་ཞན་པ། ཨར་ལས་ཁོར་ཡུག་ཞན་པ་བཅས་ཀྱི་དཀའ་གནད་ཡོད་ལ། དེར་ས་མཐོའི་གློག་ཤུགས་ཀྱི་ཨར་ལས་ཀྱི་དཔེ་མཚོན་དང་ཉམས་མྱོང་གི་དཔྱད་གཞི་ཅི་ཡང་མེད་པ་ཞིག་རེད།

ལྷ་ཉིང་ལྕགས་ལམ་བསྐྲུན་རྗེས་ད་ཡོད་ཀྱི་མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་བཅས་ཀྱི་བོད་ལྗོངས་ས་ཁོངས་ཀྱི་ལྕགས་ལམ་དྲ་བ་སྔར་བས་འཐུས་ཚང་དུ་བཏང་ནས་བོད་ལྗོངས་ཀྱི་འགྲིམ་འགྲུལ་གནས་ཚུལ་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཏུ་དེ་སྐྲུན་པའི་བརྒྱུད་རིམ་ཁྲོད་ཀྱི་ས་བབ་མཐོ་བའི་གློག་ཤུགས་ཅན་གྱི་ལྕགས་ལམ་ཨར་ལས་ཉམས་མྱོང་གིས་ཁྲོན་བོད་ལྕགས་ལམ་གྱི་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལམ་དུམ་བསྐྲུན་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་ཐུབ་རྒྱུ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།