བོད་ལྗོངས་ཀྱི་གྲོང་ཁྱེར2དང་རྫོང7རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་ནང་ཚུད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་གཞུང་ལས་ཁང་གིས2021ལོ་ནས2023ལོའི་བར་གྱི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་གྱི་མིང་ཐོ་གཏན་འཁེལ་བྱས་པ་དང་བོད་ལྗོངས་ཀྱི་གྲོང་ཁྱེར2དང་རྫོང7ནང་དུ་ཚུད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར447ཡོད་པ་དང་། དེའི་ནང་ཚུད་པའི་བོད་ལྗོངས་ཀྱི་གྲོང་ཁྱེར2དང་རྫོང7ནི་ཆབ་མདོ་གྲོང་ཁྱེར་དང་། གཞིས་ཀ་རྩེ་གྲོང་ཁྱེར། སྟེང་ཆེན་རྫོང་། སྒར་རྫོང་། སྨན་གླིང་རྫོང་། ཉི་མ་རྫོང་། ཆུ་ཤུར་རྫོང་། ཟངས་རི་རྫོང་། གྲོ་མོ་རྫོང་བཅས་རེད།

སྐོར་ཐེངས་གསར་བའི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་གྱིས་དུས་ཡུན་ལོ3རིང་གི་གསར་སྐྲུན་དུས་ཚོད་བརྒྱུད་རྒྱུ་ཡིན་པ་དང་ད་ལོ་ནི་ཐོག་མའི་ལོ་ཡིན། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་གཞུང་ལས་ཁང་གིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་བ། ལྔ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། “ལོ་ལྔའི་འཆར་གཞི་བཅུ་བཞི་བ”དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་བྱེད་པ་བཅས་ལ་དམ་པོར་དམིགས་ཏེ་རྒྱུན་སྲིང་ལྷོད་མེད་ངང་དཔལ་ཡོན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྐུལ་འདེད་བཏང་ནས་འབད་བརྩོན་སྒོས་བླ་ན་མེད་པའི་ཀུན་སྤྱོད་དང་དགེ་ཕྱོགས་ལ་བརྩི་མཐོང་དང་། རིག་གནས་ཕུན་སུམ་ཚོགས་པ། འཆམ་མཐུན་བདེ་སྡོད། མི་དམངས་ཀྱི་བློ་ཡིད་ཚིམ་པའི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།