རི་ཀླུང་མཛེས་ཤིང་འཚོ་བ་སྐྱིད།

2.jpg

དགུན་དུས་ཀྱི་སེང་གེ་ཁ་འབབ་གཙང་འགྲམ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་བོད་རང་སྐྱོང་ལྗོངས་ཀྱིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་དང་། རི་ཀླུང་ཐམས་ཅད་ཀྱང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཅངས་ནས་རྒྱུན་མཐུད་ངང་ཁོར་ཡུག་སྤུས་ཚད་རྒྱུན་འཁྱོངས་ལེགས་བཅོས་ཐད་སྐུལ་འདེད་དང་། རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་ཐད་ཤུགས་སྣོན་བརྒྱབ་ནས་བོད་ལྗོངས་ཀྱི་མཁའ་དབྱིངས་སྔར་ལས་སྔོ་ཞིང་ཆུ་སྔར་ལས་དྭངས་བ། གང་ས་གང་དུ་ཡུལ་ལྗོངས་མཛེས་པའི་རྣམ་པ་གྲུབ་སྟེ་དཔལ་ཡོན་དང་འཆམ་མཐུན་གྱི་སྤྱི་ཚོགས་སྣང་ཚུལ་ཞིག་སྐྲུན་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།